འཇོལ་གྱི་བོད་ལུགས་ལག་ཤེས་ཐོན་རྫས་ཀྱིས་དམངས་ལ་འབབ་འཕར་སྐྲུན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      ཉེ་སྔོན།འཇོལ་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དང་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད།འཇོལ་རྫོང་ཧྥོ་ཧྲན་ཤང་དུ་བོད་ལུགས་ལག་ཤེས་བཟོ་རྩལ་ཐོན་རྫས་གསོ་སྦྱོང་ཐེངས་གཉིས་སྤེལ་བ་རེད།     ཐེངས་འདིའི་ངལ་རྩོལ་རྩལ་ནུས་གསོ་སྦྱོང་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འགྲོ་ཕན་གླིང་མི་རིགས་ལག་ཤེས་བཟོ་རྩལ་པུའུ་ནས་གཉེར་བ་རེད།གསོ་སྦྱོང་གི་སྐབས་སུ་བུད་མེད་100ལྷག་གསོ་སྦྱོང་ནང་ཞུགས་ཡོད་པ་དང་གསོ་སྦྱོང་ནང་ཞུགས་མཁན་བུད་མེད་ལ་ད་དུང་ལས་མིའི་ཁ་གསབ་རོགས་དངུལ་ཡང་ཐོབ་པ་རེད།

      ཤེས་རྟོགས་བྱུང་བར་གཞིགས་ན།འགྲོ་ཕན་གླིང་ནི་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་ཐོབ་པ་བྱ་རྒྱུ་དམིགས་ནས་མིང་བཏགས་པ་ཡིན་ལ།འགྲོ་ཕན་གླིང་ནི་ལག་ཤེས་བཟོ་རྩལ་གྱི་སྤུས་རྟགས་ཐོན་རྫས་ཤིག་ཡིན་ཞིང་།དེར་ཀོ་ཆས་དང་།རྩེད་ཆས། གྱོན་གོས།  བོད་གདན་བཅས་རྒྱུ་སྤུས་ལེགས་པའི་བོད་མིའི་རྩེན་སོན་བཟོ་རྩལ་ཐོན་རྫས་གསར་སྤེལ་དང་བྲིན་ཚོང་བྱས་ནས་བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་ས་གནས་དེ་གའི་ལག་ཤེས་བཟོ་རྩལ་བར་འབབ་འཕར་ཕྱུག་འགྱུར་གྱི་ལས་སྟེགས་དང་གོ་སྐབས་ཀྱང་མཁོ་འདོན་བྱས་ཡོད་པ་རེད།     


      འགྲོ་ཕན་གླིང་གི་ཐོན་རྫས་ཀྱིས་རང་བརྟེན་གསར་གཏོད་དང་།  རང་སའི་བཟོ་སྐྲུན།སྤུས་ལེགས་སྤུས་དག་བཅས་ཁྱད་ཆོས་དང་བཀྲག་མདངས་འཚེར་སར་བྱས་ནས་དེར་དགའ་པོ་བྱེད་མཁན་མང་པོ་ཞིག་གི་ཡིད་དབང་བཀུག་སྟེ་ཁྲོམ་ར་ངེས་ཅན་ཞིག་བཙུགས་ཡོད་པ་རེད།

      གསོ་སྦྱོང་མཇུག་འགྲིལ་རྗེས་གསོ་སྦྱོང་ནང་ཞུགས་མཁན་གྱི་ས་གནས་དེ་གའི་བུད་མེད་ཀྱིས་གསོ་སྦྱོང་གི་བླང་བྱ་ལྟར་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོས་རྗེས་ཀུང་སིས་སྒོ་རྩར་ཉོ་སྒྲུབ་བྱས་ནས་མི་སྒེར་དང་།ཀུང་སི།ཁྲོམ་ར་བཅས་ཟུང་དུ་འབྲེལ་བའི་འཁོར་སྐྱོད་བྱེད་སྟངས་ཤིག་ཆགས་པ་དང་།ཧྥོ་ཧྲན་ཤང་གི་ས་གནས་དེ་གའི་བུད་མེད་རྣམས་ཁོམ་ལོང་སྐབས་ཕྱིར་བསྐྱོད་མི་དགོས་པར་བོད་བཟོའི་ལག་ཤེས་བཟོ་རྩལ་ཐོན་རྫས་བརྒྱུད་ནས་ཁེ་བཟང་རག་གི་ཡོད་པ་རེད།