སེམས་ཀྱི་ཉི་ཟླའི་འཚེམ་དྲུབ་བརྩམས་ཆོས2ལ་མཛེས་རྩལ་བྱ་དགའ་ཐོབ་པ།

རྩོམ་པ་པོ།   གཡང་འཛོམས།  ཡིག་བསྒྱུར།       དུས་ཚོད།   2020-12-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

ཟླ12པའི་ཚེས་18ཉིན་ཁུན་མིང་རྒྱལ་སྤྱིའི་མི་རིགས་དམངས་ཁྲོད་བཟོ་རྩལ་མཛེས་རྩལ་དངོས་མང་སྟོན་ཚོགས་སྐབས་བཅུ་བཞི་པ་ཁུན་མིང་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་ཤིང་།བོད་ཀྱི་འཚེམ་དྲུབ་རིག་གནས་སྒྱུ་རྩལ་ཁང་གིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཚབ་བྱས་ཏེ་ཐེངས་འདིའི་དམངས་གཉེར་འགྲེམས་ཚོགས་ཞུགས་ཤིང་། འགྲེམས་ཚོགས་ཐོག་ཡུན་ནན་ཞིང་ཆེན་བཟོ་རྩལ་མཛེས་རྩལ་མཐུན་ཚོགས་ཀྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་དང་གདན་དྲངས་ནས་སྒྱུ་རྩལ་འགྲེམས་རྫས་ཁག་ལ་ཞིབ་དཔྱད་གནང་བ་རེད།སེམས་ཀྱི་ཉི་ཟླའི་བོད་ཀྱི་འཚེམ་དྲུབ་རིག་གནས་སྒྱུ་རྩལ་ཁང་གི་འཚེམ་དྲུབ་སློབ་དཔོན་ལི་ཐིང་ཡིང་གི་བརྩམས་ཆོས《གནས་མཇལ་བ》དང་བོད་ཀྱི་འཚེམ་དྲུབ་པ་སྒྲོལ་དཀར་གྱི་བརྩམས་ཆོས《སེམས་ཀྱི་ཉི་ཟླ》གཉིས་ལ་རིམ་བཞིན་ཡུན་ནན་ཞིང་ཆེན་གྱི་བཟོ་རྩལ་མཛེས་རྩལ་སྐབས་བཅུ་བཞི་པའི་བཟོ་མཛེས་བུམ་པའི་དངུལ་གྱི་བྱ་དགའ་དང་ཟངས་ཀྱི་བྱ་དགའ་ཐོབ་པ་རེད།


     བོད་ཀྱི་འཚེམ་དྲུབ་རིག་གནས་སྒྱུ་རྩལ་ཁང་བཙུགས་པ་ནས་བཟུང་།དེའི་དམིགས་ཡུལ་ནི་བོད་འབྲེལ་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་འཚེམ་དྲུབ་རིག་གནས་སྲུང་སྐྱོབ་དང་།རྒྱུན་འཛིན། ཁྱབ་གདལ་བཅས་གཏོང་རྒྱུ་གཙོ་བོར་བྱེད་པ་དང་འབྲེལ་ས་གནས་དེ་གའི་སྲིད་གཞུང་གི་འགོ་ཁྲིད་དང་སློབ་གྲྭས་བོད་ཀྱི་འཚེམ་དྲུབ་གསོ་སྦྱོང་དང་སློབ་ཁྲིད་ཡག་པོ་བྱ་རྒྱུར་གཞོགས་འདེགས་ཧུར་ཐག་བྱས་ཏེ་སྤྱི་ཚོགས་ཐོག་གི་སྟོབས་ཤུགས་ཡོད་ཚད་དང་མཉམ་དུ་བོད་ཀྱི་འཚེམ་དྲུབ་འཕེལ་རྒྱས་དང་གསར་གཏོད་འཚོལ་ཞིབ་བྱས་ནས་གནའ་བོའི་འཚེམ་དྲུབ་ཀྱི་ལག་ཤེས་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་འཚོལ་ཞིབ་བྱ་རྒྱུ་དེ་རེད།  


   ཉེ་བའི་ལོ་ཤས་རིང་བོད་ཀྱི་འཚེམ་དྲུབ་རིག་གནས་སྒྱུ་རྩལ་ཁང་དང་བདེ་ཆེན་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་དབར་མཉམ་ལས་བྱས་ནས་བོད་ཀྱི་འཚེམ་དྲུབ་སློབ་ཁྲིད་བྱས་པ་དང་ཆབས་ཅིག་ཉེ་འཁོར་གྱི་བོད་རིགས་བུད་མེད་བསྡུས་ནས་འཚེམ་དྲུབ་གསོ་སྦྱོང་བྱས་ཏེ་བོད་རིགས་བུད་མེད་དེ་བས་མང་བར་ལག་རྩལ་དེ་ཁོང་དུ་ཆུད་པར་བྱས་ནས་ཁོང་ཚོའི་ལག་ནང་གི་དངུལ་གྱི་ཚོན་སྐུད་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་གཏོད་ཡོད་པ་རེད།