བྱེའུ་ཁྲ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      བྱེའུ་ཁྲ་ནི་གཏུམ་དྲག་ཆེ་བའི་འདབ་ཆགས་ཆུང་གྲས་ཀྱི་ཁོངས་སུ་གཏོགས་ཤིང་། ལུས་པོའི་རིང་ཚད་ལ་ལི་སྨི30ནས41བར་ཡོད།  གཤོག་པ་ཆེ་ཞིང་ཟླུམ་པ་དང་རྔ་མ་ཅུང་རིང་། ཁོག་སྟོད་སྨུག་ཤས་ཆེ་ཞིང་ཁོག་སྨད་ཀྱི་མདོག་དཀར་པོའི་ཐོག་ལ་དམར་སེར་གྱི་རི་མོ་མངོན།  དམར་སེར་གྱི་གདོང་མདོག་མངོན་པ་དེ་ངོས་འཛིན་བྱེད་དུས་ཀྱི་ཁྱད་ཆོས་གཙོ་བོ་ཡིན།   བྱེའུ་ཁྲ་མོ་རྒྱུད་ཡིན་ན་ཁོག་སྟོད་སྨུག་པོ་དང་ཁོག་སྨད་དཀར། བྲང་དང་ལྟོ་བ་རྐང་བའི་སྟེང་ལ་སྐྱ་སྨུག་གི་ཤས་ཆེ་ཞིང་གདོང་ལ་དམར་སེར་གྱི་མདངས་ཅུང་ཉུང་།    བྱེའུ་ཁྲ་ནི་གཙོ་བོ་རི་ཁུལ་ནགས་ཚལ་དང་ནགས་འདབས་ས་ཁུལ་དུ་གནས། ཉིན་དཀར་རྒྱུ་ཞིང་རྒྱུན་པར་ཁེར་རྐྱང་དུ་འཚོ་གནས་བྱེད།  ཁ་ཟས་ལ་འབུ་སྲིན་དང་བྱ་རིགས་ཆུང་ངུ་།  བྱི་བའི་རིགས། ཡང་མཚམས་རེར་རི་བོང་དང་སྦྲུལ་སོགས་ཀྱང་བསྟེན།   གཙོ་བོ་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་མོ་དང་།   ལྷོ་ནས་ཧྥེ་གླིང་གི་ནུབ་བྱང་རྒྱུད།   ཤར་ནས་དབྱི་རག  རྒྱ་གར།   ཀྲུང་གོ   འཇར་པན།   དགུན་དུས་ས་དབུས་རྒྱ་མཚོ་དང་ཨ་རབ།  རྒྱ་གར།འབར་མ། ཐེ་ལན་དང་ཨེ་ཤ་ཡ་ཤར་ལྷོའི་རྒྱལ་ཁབ་སོགས་སུ་ཁྱབ་ཡོད།   སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་རྒྱུན་མཐོང་བྱ་རིགས་ཀྱི་ཁོངས་སུ་གཏོགས་ལ་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཤིག་ཡིན།