རྒྱུན་མཐོང་བྱ་གླག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      རྒྱུན་མཐོང་བྱ་གླག་ནི་གླག་རིགས་ཀྱི་ཁོངས་སུ་གཏོགས་པ་དང་གཟུགས་པོའི་རིང་ཚད་ལ་ལི་སྨི50ནས59བར་ཡོད།   ལུས་མདོག་གི་འགྱུར་བ་ཅུང་ཆེ་ཞིང་ཁོག་སྟོག་ནི་ཁམ་ནག་དང་ཁོག་སྨད་ནི་ཁམ་ནག་གམ་ཡང་ན་སེར་ནག་ཡིན།  ལུས་ལ་དམར་སེར་གྱི་འཕྲེད་རིས་མངོན་པ་དང་རྔ་མ་སྐྱ་མདོག་ཡིན།    འཕུར་དུས་གཤོག་པ་གཉིས་བརྐྱང་ཚད་ཆེ་ཞིང་ཐོག་མར་འཕུར་དུས་སྒྲོ་འོག་དཀར་པོ་མངོན་ཞིང་གཤོག་རྩེ་དང་གཤོག་ཟུར་ནག་པོའམ་སྨུག་ནག་གི་རྣམ་པ་དང་ལྡན་ཞིང་རྔ་མ་རླུང་གཡབ་ཀྱི་གཟུགས་སུ་མངོན།  རྒྱུན་མཐོང་བྱ་གླག་ནི་གཙོ་བོ་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་མོ་དང་ཧྥེ་གླིང་དུ་ཁྱབ་ཡོད།  རྒྱལ་ནང་གི་ས་ཆ་སོ་སོར་ཁྱབ་ཡོད་ཅིང་མང་ཆེ་བ་ནི་དུས་བསྟུན་གནས་སྤོའི་བྱ་རིགས་ཡིན།  གཙོ་བོ་རི་ཁུལ་ནགས་ཚལ་དང་ནགས་ཀློང་དུ་འཚོ་གནས་བྱེད་ཅིང་།    རྒྱུན་པར་ཐང་ཆེན་དང་བྱེ་ཐང་།   ཐང་སྟོང་།  ས་རྒོད་སློག་པའི་ཞིང་ས།  ནགས་འདབས་ཀྱི་སྤང་ཐང་།   གྲོང་གསེབ་ཀྱི་མཁའ་དབྱིངས་སོགས་སུ་ལྡིང་སྐོར་བྱེད།   ཁ་ཟས་ལ་གཙོ་བོ་སྲོག་ཆགས་ཆུང་གྲས་ཀྱི་རིགས་བསྟེན་པ་ཡིན།    སེམས་ཀྱི་ཉི་ཟླ་རུ་བྱ་འདི་ནི་རྒྱུན་དུ་མཐོང་བའི་དུས་བསྟུན་གནས་སྤོའི་བྱ་རིགས་ཤིག་ཡིན་ཞིང་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས།  

སུང་ཞུའེ་པའོ་ཡིས་ལྔ་ཤོག་ཤང་ནས་པར་བླངས།

བྱ་གཟིགས་སྒྲིག་འཛུགས་ཨུ་ལྷན་གྱིས་ནགས་ཕག་མཚོ་ནས་པར་བླངས།