སེམས་ཀྱི་ཉི་ཟླའི་བྱ་གཟིཊ་བྱེད་སྒོའི་ཐོག་བྱ་རིཊ167ཐོ་འགོད་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

      ཟླ་12པའི་ཚེས་27ཉིན། དུས་ཡུན་ཉིན་5རིང་གི་སེམས་ཀྱི་ཉི་ཟླའི་དགུན་དུས་བྱ་གཟིགས་བྱེད་སྒོ་དེ་བདེ་བླག་ངང་གྲོལ་བ་དང་།འགྲན་ཞུགས་རུ་ཁག་10ཡི་འགྲན་ཞུགས་པ40ཡིས་ཁྱོན་བསྡོམས་བྱ་རིགས་167པར་ལེན་ཐོ་འགོད་བྱས་ཡོད་པ་དང་། སེམས་ཀྱི་ཉི་ཟླའི་དགུན་དུས་བྱ་གཟིགས་བྱེད་སྒོའི་འདབ་ཆགས་ཀྱི་ཐོ་འགོད་བྱས་པའི་སྤྱིའི་གྲངས་ཀ་བྱ་རིགས260ལ་འཕར་བ་རེད།     ཐེངས་འདིའི་བྱ་གཟིགས་ཁྲོད་ཞི་པོ་ལི་ཡའི་མཚོ་བྱ་དང་།   ཤིང་རྟ་མོ་སོགས་བྱ་རིགས་5བསྣན་ཡོད།  

    རྒྱལ་ནང་གི་བྱ་གཟིགས་བྱེད་སྒོ་གཞན་དག་དང་བསྡུར་ན།  སེམས་ཀྱི་ཉི་ཟླའི་རྒྱལ་སྤྱིའི་བྱ་གཟིགས་བྱེད་སྒོ་འདིར་ས་བབ་མཐོ་བ་དང་།  དུས་ཡུན་རིང་བ།   འགྲན་ཁུལ་མང་བའི་ཁྱད་ཆོས་ལྡན་པས་འགྲན་ཞུགས་པའི་ལུས་ཤུགས་དང་སྙིང་སྟོབས་ཕྱོགས་མང་པོ་ཞིག་ལ་འགྲན་རྩོད་ཀྱི་རང་བཞིན་ལྡན་པ་རེད།    སྔོན་མའི་བྱ་གཟིགས་བྱེད་སྒོ་སྐབས་བཞི་བ་དང་བསྡུར་ན་ད་ལོའི་འགྲན་ཁུལ་དེ་འཇོལ་རྫོང་བར་དུ་བསྲིངས་ཡོད།2019ལོའི་ཟླ12པའི་ཟླ་མཇུག་བར་དུ། སེམས་ཀྱི་ཉི་ཟླའི་སྲིད་འཛིན་མངའ་ཁོངས་ནང་དུ་ཁྱོན་བསྡོམས་བྱ་རིགས316ཐོ་འགོད་བྱས་ཡོད་པ་དང་།  བདེ་ཆེན་ཁུལ་དུ་ཆ་མི་ཚང་བའི་བསྡོམས་རྩིས་བྱས་པ་ལྟར་ན་བྱ་རིགས335ཐོ་འགོད་བྱས་ཡོད། ཐེངས་འདིའི་བྱ་གཟིགས་བྱེད་སྒོའི་ཁྲོད་བྱ་རིགས167ཐོ་འགོད་བྱས་པ་དེས་བདེ་ཆེན་ཁུལ་གྱི་བྱ་རིགས་ཐོ་འགོད་བྱས་པའི་གྲངས་ཀའི49.9%ཟིན་ཡོད།    ཐེངས་ལྔར་བསྡུས་པའི་སེམས་ཀྱི་ཉི་ཟླའི་བྱ་གཟིགས་བྱེད་སྒོས་ཁྱོན་བསྡོམས་བྱ་རིགས260ཐོ་འགོད་བྱས་ཡོད།  

    བྱེད་སྒོ་མཇུག་བསྡུ་བའི་མཛད་སྒོའི་ཐོག་གཙོ་གཉེར་བྱེད་མཁན་གྱིས་འགྲན་ཞུགས་པ་རྣམས་ལ་ཕུལ་བྱུང་བྱ་དགའ་དང་།    སྔོན་དཔག་བྱ་དགའ།   བྱས་རྗེས་བྱ་དགའ།   མཉམ་ལས་བྱ་དགའ་སོགས་གནང་བ་རེད།   ཐེངས་འདིར་ཐོ་འགོད་བྱས་པའི་ཤིང་རྟ་མོ་ནི་ས་གནས་འདི་གའི་འགྲན་ཞུགས་པ་སེམས་ཀྱི་ཉི་ཟླའི་རུ་ཁག་དང་པོས་པད་མ་རི་བོ་ནས་པར་ལེན་བྱས་པ་ཞིག་རེད།