ཁྲ་སྐྱ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སུང་ཞུའེ་པའོ་ཡིས་མཐའ་ཆུ་ནས་པར་བླངས།

        ཁྲ་སྐྱ་ནི་བྱ་རྒོད་ཚན་ཁག་གི་བྱ་རིགས་གཏུམ་པོ་ཞིག་ཡིན་ལ།  གཟུགས་པོའི་རིང་ཚད་ལ་ལི་སྨི་32ཡོད་པའི་བྱ་རིགས་གཏུམ་པོ་ཆུང་གྲས་ཞིག་ཡིན།  བྱ་དར་མའི་སྤྱི་གཙུག་དང་རྒྱབ། གཤོག་ཁེབས་སྒྲོ་དང་དེ་བཞིན་རྔ་མའི་རྩ་ནི་མདོག་སྐྱ་སྐྱ་ཡིན་ལ།  ངོ་གདོང་དང་སྐེ།  དེ་བཞིན་ཁོག་སྨད་ནི་དཀར་པོ་ཡིན།   འཇའ་སྐྱི་ནི་ཁྲག་མདོག་ལྟར་དམར་པོ་ཡིན།  ཁྲ་སྐྱ་ཡིས་གཙོ་བོ་ཞིང་ཁའི་བྱི་བའི་རིགས་དང་འབུ་སྲིན།  བྱིའུ།  རི་བོང་། དེ་བཞིན་ལྟོ་འགྲོའི་སྲོག་ཆགས་སོགས་ཟས་སུ་བཟུང་།  ཉིན་མོར་སྡོང་རྩེ་དང་གློག་ཤིང་སྟེང་ངལ་གསོ་བར་དགའ་ལ།  བྱིའུ་དང་འབུ་སྲིན་འཕུར་རྩིས་ཡོད་སྐབས་གློ་བུར་དུ་འཕུར་ནས་བཟུང་།  ཁྲ་སྐྱ་དེ་སེམས་ཀྱི་ཉི་ཟླ་ནས་མཐོང་དཀོན་ལ། རིམ་བཞིན་མཆེད་པའི་འཕེལ་ཕྱོགས་ཡོད།