ཟ་མ་འཕྲོ་བརླག་བཏང་ན་ཁྲིམས་ཆད་ཕོག་རྒྱུ་ཡིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-24   རྩོམ་ཁུངས།    ཀྲུང་དབྱང་བོད་སྐད་བརྙན་འཕྲིན་ཁང་།

        སྤྱི་ཚེས་22ཉིན་གྱི་ཕྱི་དྲོ་འཚོགས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ཨུའི་གྲོས་ཚོགས་ཐེངས་ཉེར་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག ཁ་ལག་བཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་རྒྱུའི་སྐོར་ཀྱི་བཅའ་ཁྲིམས་མ་ཟིན་དེ་ཐེངས་དང་པོར་གྲོས་ཚོགས་ལ་གྲོས་ཞིབ་གནང་རྒྱུར་ཕུལ་ཡོད་ལ། མ་ཟིན་དེའི་ནང་ཁ་ལག་འཕྲོ་བརླག་གཏོང་བའི་གོ་དོན་ནི་བཟའ་བཏུང་རུང་བའི་ཉེན་མེད་བདེ་ཐང་ཟས་རིགས་རྣམས་སྤྱོད་སྒོ་ལྟར་བེད་སྤྱོད་མ་བྱས་པར་ཟེར་བ་གཏན་འབེབས་བྱས་ཡོད།

        སྤྱི་པའི་བྱེད་སྒོའི་བཟའ་བཏུང་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ།

        འཆར་ཟིན་ནང་རིམ་ཁག་མི་དམངས་སྲིད་གཞུང་གིས་ངེས་པར་དུ་བཟའ་རིགས་འཕྲོ་བརླག་གཏོང་བར་ངོ་རྒོལ་བྱེད་པའི་ལས་དོན་ལ་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ལོ་ལྟར་བཟའ་རིགས་འཕྲོ་བརླག་ལ་ངོ་རྒོལ་བྱེད་པའི་ལས་ཀའི་གནས་ཚུལ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་དགོས། ལས་ཁུངས་དང་། གཞུང་དབང་ཁེ་ལས། བྱ་བཞག་སྡེ་ཚན་བཅས་ཀྱིས་གཞུང་དོན་སྣེ་ལེན་དང་། གྲོས་ཚོགས། གསོ་སྦྱོང་སོགས་གཞུང་དོན་བྱེད་སྒོའི་ཟ་མ་ཟ་བའི་ཚད་གཞི་ཞིབ་ཕྲ་དང་འཐུས་ཚང་དུ་བཏང་ནས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བསྟན་ཡོད།

    གཞུང་དོན་བྱེད་སྒོའི་བཟའ་བཏུང་ཚད་ལྡན་ཅན་དུ་ཁྱབ་སྤེལ་གཏོང་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཟ་མ་ཟ་བའི་གྲངས་ཀ་དང་རྣམ་པ་བཀོད་སྒྲིག་ལུགས་མཐུན་བྱ་དགོས།

    ཟ་ཁང་གིས་རང་འགུལ་ངང་ཟ་མ་འོས་འཚམ་ལེན་པའི་དྲན་སྐུལ་བྱེད་དགོས། འཕྲོ་བརླག་གཏོང་མཁན་འཛད་སྤྱོད་པར་ཆད་པ་ངེས་ཅན་གཅོད་དགོས།

    དུས་མཚུངས་སུ། མ་ཟིན་ནང་བཟའ་བཏུང་ལས་རིགས་ཀྱི་ཞབས་ཞུ་ལའང་གཏན་འབེབས་བཟོས་ཡོད།

  • བཟའ་བཏུང་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་རང་འགུལ་ངང་འཛད་སྤྱོད་པར་བཟའ་རིགས་འཕྲོ་བརླག་མི་གཏོང་བའི་དྲན་སྐུལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

图片

  • འཛད་སྤྱོད་པར་དགོས་མཁོ་ལྟར་འོས་འཚམ་ཉོ་དགོས་པའི་ཁྲིད་སྟོན་བྱེད་དགོས་པ་དང་། བཟའ་བཏུང་གི་ཐེངས་གྲངས་དང་འབོར་ཚད་འོས་འཚམ་བཟོ་དགོས་པ་དང་འབོར་ཆུང་ཟ་མ་སོགས་ཚད་གཞི་མི་འདྲ་བ་གདམ་གསེས་བྱ་རྒྱུ་ཡོད་པ་བཟོ་དགོས།

  • བཟའ་བཏུང་ཞབས་ཞུ་མཁོ་འདོན་བྱེད་མཁན་གྱིས་འཕྲོ་བརླག་མངོན་གསལ་གཏོང་མཁན་འཛད་སྤྱོད་པར་གད་སྙིགས་གཙང་སེལ་བྱེད་པའི་བབ་མཚུངས་ཀྱི་འགྲོ་གྲོན་བསྡུ་ལེན་བྱས་ཆོག

        རྒྱས་ཟ་རྒྱས་འཐུང་བྱེད་པ་སོགས་ཐལ་ཆེའི་དྲིལ་བསྒྲགས་སྤེལ་མི་ཆོག

        མ་ཟིན་ནང་དུ། རླུང་འཕྲིན་ལས་ཁུངས་དང་། བརྙན་འཕྲིན་ལས་ཁུངས། དྲ་རྒྱའི་སྒྲ་བརྙན་ཞབས་ཞུ་མཁོ་འདོན་བྱེད་མཁན་བཅས་ཀྱིས་ཟ་མ་འབོར་ཆེ་ཟ་བ་དང་རྒྱས་ཟ་རྒྱས་འཐུང་བྱེད་པ་སོགས་འཕྲོ་བརླག་གཏོང་བའི་ལེ་ཚན་དང་ཡང་ན་སྒྲ་བརྙན་སོགས་སྒྲིག་བཟོ་དང་། ཁྱབ་བསྒྲགས། ཁྱབ་སྤེལ་བྱེད་པ་སོགས་ལ། རླུང་འཕྲིན་བརྙན་འཕྲིན་གཙོ་གཉེར་སྡེ་ཁག་དང་དྲ་འཕྲིན་དོ་དམ་སྡེ་ཁག་གིས་རང་སོ་སོའི་འགན་འཁྲི་ལྟར་ཡོ་བསྲང་བྱེད་འགན་དཀྲི་བ་དང་ཐ་ཚིག་གཏོང་དགོས། ཡོ་བསྲང་མི་བྱེད་མཁན་དང་ཡང་ན་ཉེས་ཚབས་ཆེ་རིགས་ལ་སྒོར་ཆིག་ཁྲི་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་གཅོད་རྒྱུ་མ་ཟད། འབྲེལ་ཡོད་ལས་སྒོ་གཉེར་མཚམས་བཞག་ནས་དག་ཐེར་བྱེད་མཚམས་འཇོག་ཏུ་འཇུག་ཆོག དེའི་ཐད་ཀར་འགན་འཁུར་བའི་དོ་དམ་མི་སྣ་གཙོ་བོ་དང་དེ་མིན་ཐད་ཀར་འགན་འཁུར་བ་གཞན་དག་ལ་བཅའ་ཁྲིམས་ལྟར་ཁྲིམས་འབྲེལ་འགན་འཁྲི་རྩད་གཅོད་བྱེད་དགོས་པའི་གཏན་འབེབས་བྱས་ཡོད།

        ཞལ་འདེབས་མང་ཙམ་འབུལ་དགོས་ལ། འཕྲོ་བརླག་ཉུང་ཙམ་གཏོང་དགོས།

        དེ་མིན། མ་ཟིན་ནང་ད་དུང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་དམངས་སྲིད་སྡེ་ཁག་སོགས་ཀྱིས་ཞལ་འདེབས་མཐུན་སྦྱོར་ལམ་སྲོལ་བཙུགས་ནས། བཟའ་རིགས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་གྱིས་སྤུས་ཚད་འགན་ལེན་དུས་ཡུན་ནང་གི་འཚོང་མ་རྒྱུག་པའི་བཟའ་རིགས་འབྲེལ་ཡོད་སྤྱི་ཚོགས་རྩ་འཛུགས་དང་། ཕན་བདེའི་སྒྲིག་གཞི། རོགས་སྐྱོབ་སྒྲིག་གཞི་བཅས་ལ་ཞལ་འདེབས་སུ་འབུལ་རྒྱུར་ཁྲིད་སྟོན་བྱེད་དགོས།

ལོ་རེར་ཀྲུང་གོའི་བཟའ་རིགས་རྒྱ་མ་དུང་ཕྱུར་700འཕྲོ་བརླག་འགྲོ་བཞིན་ཡོད།

        ཟས་ནི་དམངས་ཀྱི་འཚོ་རྟེན་ཡིན་ཟེར་སྲོལ་ཡོད། ང་ཚོའི་བཟའ་བཏུང་བྱ་སྤྱོད་ཀྱིས་བཟའ་བཏུང་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་སྤེལ་གཏོང་གི་ཡོད། མིག་སྔར་རྒྱལ་ཡོངས་སུ་བཟའ་བཏུང་ཁེ་ལས་ཁྲི་670ཙམ་ཡོད་ལ། སྤྱི་ལོ་2019ལོའི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་བཞི་ཁྲི་དྲུག་སྟོང་ཟིན་ཡོད།

图片

△སྤྱི་ལོ་2010ལོ་ནས་སྤྱི་ལོ་2019ལོའི་བར་གྱི་ཀྲུང་གོའི་བཟའ་བཏུང་ཡོང་འབབ་ཀྱི་གཞི་ཁྱོན་དང་འཕར་ཚད།༼གྲངས་གཞིའི་ཡོང་ཁུངས། ཡོངས་བསྒྲགས་དཔྱད་ཡིག་ལ་གཞིགས་ནས་ལེགས་སྒྲིག་བྱས་པ།༽

     བཟའ་བཏུང་ལས་རིགས་ལོ་མང་བསྟུད་མར་འཕེལ་རྒྱས་ཆེན་པོ་བྱུང་བ་དང་འབྲེལ། འཕྲོ་བརླག་གི་སྣང་ཚུལ་ཡང་ཚབས་ཧ་ཅང་ཆེ་རུ་ཕྱིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། གྲོང་ཁྱེར་གྱི་བཟའ་བཏུང་ཁོ་ན་ལོ་རེའི་ཟས་རིགས་འཕྲོ་བརླག་གཏོང་ཚད་དེ་ཧ་ལམ་རྒྱ་མ་དུང་ཕྱུར་340ནས་360བར་སླེབས་ཡོད་ལ། དེའི་ནང་ཡུལ་མིའི་ཁྱིམ་ཚང་གི་བཟའ་བཏུང་ཁྲོད་བཟའ་རིགས་འཕྲོ་བརླག་ཤོར་བའི་རིགས་ཚུད་མེད། འཛད་སྤྱོད་ལྷུ་ཚིགས་ཀྱི་འཕྲོ་བརླག་ཕུད། རང་རྒྱལ་གྱི་འབྲུ་རིགས་ཐོན་སྐྱེད་དང་། གསོག་ཉར། ལས་སྣོན་སོགས་ཀྱི་ལྷུ་ཚིགས་སུའང་འཕྲོ་བརླག་གཏོང་བའི་གནས་ཚུལ་ཡོད་པ་དང་། ལོ་རེའི་གྱོང་གུན་ཕོག་ཚད་རྒྱ་མ་དུང་ཕྱུར་700ཡན་ཟིན་གྱི་ཡོད་པ་རེད།