འུག་ཆུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        འུག་ཆུང་ནི་འུག་པའི་རིགས་ཤིག་ཡིན་ལ། དེའི་ལུས་གཟུགས་ཆུང་ལ། ལུས་པོའི་རིང་ཚད་ལ་ལི་སྨི་༤༠ཙམ་ཡིན། སྤུ་མདོག་ཁམ་སེར་ཡིན་ལ། མིག་མདོག་སེར་པོ་ལ་མིག་སྤུ་ནག་པོས་མིག་མཐའ་ཡོངས་སུ་སྐོར་ཡོད། རྣ་ཡོངས་སུ་སྒྲོ་པུ་ཐུང་ངུས་གཡོགས་ཡོད་དེ་ཕྱི་ནས་མཐོང་མི་ཐུབ་པ་རེད། བྲང་་ཁའི་སྤུ་མདོག་ནི་རྫ་མདོག་ཡིན་ལ་ཁྲ་ཐིག་ཡོད། ཁོག་སྟོད་སེར་མདོག་ཡིན་ལ་སྤུ་མདོག་སེར་ཁྲས་ཁེབས་ཡོད། ཁོག་སྨད་ཀྱི་སྤུ་མདོག་སེར་པོ་ཡིན་ལ་ཁྲ་རིས་ལྡན།  འུག་ཆུང་ནི་རི་དམའ་མོ་དང་རི་མ་ཐང་། སྔོ་དྲེག་ས་ཁུལ། བྱེ་ཐང་། ཐང་ཆེན། ན་འདམ། མཚོ་འགྲམ། རྩྭ་ཐང་སོགས་ཁོར་ཡུག་སྣ་ཚོགས་སུ་འཚོ་སྡོད་བྱེད་ཀྱི་ཡོད། ལྷག་པར་དུ་བདེ་ཐང་གི་རྩྭ་ཐང་དང་། ན་འདམ། མཚེའུ་འགྲམ་བཅས་ཀྱི་རྒྱུད་དུ་ཅུང་མཐོང་རྒྱུ་ཡོད།མང་ཆེ་བ་ས་སྲོད་དང་མཚན་མོར་ཕྱི་རིལ་དུ་གཟན་འཚོལ་བར་འགྲོ་བ་རེད། འོན་ཀྱང་ཉིན་དཀར་ཡང་འགུལ་སྐྱོད་བྱེད་དེ།དུས་རྒྱུན་དུ་མང་ཆེ་བ་ས་སྟེང་དང་རྩྭ་གསེབ་ཏུ་ཡུབས་ནས་འདུག་པར་དགའ་པས་སྡོང་མགོ་སོགས་མཐོར་སྒང་ལ་བུད་ནས་འཚོ་བ་ཧ་ཅང་དཀོན། གཙོ་བོ་བྱི་བ་དང་། བྱ་རིགས། འབུ་སྲིན། སྦལ་བ་སོགས་ཟ་བར་བརྟེན་ལ།   ཕྱི་རྒྱལ་དུ་ཡོ་རོབ་དང་ཨ་ཧྥེ་རི་ཁའི་བྱང་རྒྱུད། ཨ་མེ་རི་ཁ་ལྷོ་མ།  ཨ་མེ་རི་ཁ་ལྷོ་མ། རྒྱ་མཚོ་ཆེན་པོའི་གླིང་ཆེན་བཅས་ཀྱི་ས་ཁུལ་མང་ཆེ་བར་ཁྱབ་ཡོད་པ་དང་།རང་རྒྱལ་དུ་ནང་སོག་གི་ཤར་རྒྱུད་དང་ཧེ་ལུང་ཅང་། ལེའོ་ཉིང་བཅས་སུ་རྒྱུད་སྤེལ་བྱེད་ཀྱི་ཡོད་ལ།དགུན་སྐྱེལ་སྐབས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་མཐོང་རྒྱུ་ཡོད།སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་་མཐོང་དཀོན་པའི་བྱ་རིགས་ཤིག་ལ།རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་ཐོབ་པའི་སྲོག་ཆགས་ཡིན་པ་རེད།