ཚན་རྩལ་ལ་བརྟེན་ནས་འབྲོག་ལས་འཕེལ་རྒྱས་གཏོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-23   རྩོམ་ཁུངས།    ​ ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།


    ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་འབྲོག་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་བཅོས་སྒྱུར་གཏིང་ཟབ་བྱས་ཏེ་ཚན་རྩལ་གྱི་སྒུལ་ནུས་ཐོན་ཡོད་ལ། འབྲོག་ལས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་། ལས་ཆོད་ཇེ་ཆེར་གཏོང་བ། མང་ཚོགས་རྒྱུན་མཐུད་འབབ་འཕར་ཡོང་བ་བཅས་ལ་སྐུལ་འདེད་བཏང་བས། ས་མཐོའི་ཁྱད་ཆོས་ལྡན་པ་དང་བོད་ལྗོངས་ཀྱི་དོན་དངོས་དང་འཚམ་པའི་དེང་རབས་འབྲོག་ལས་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་ཡོད། །