མཐའ་ཆུའི་ཡུལ་སྐོར་རྣམ་འགྱུར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        འབའ་ལུང་རྗོང་མཐའ་ཆུ་གྲོང་རྡལ་གྱི་གཡའ་དག་པའི་ནམ་མཁའ་དང་བལ་དཀར་གྱི་སྤྲིན་པ། དེ་མིན་སྔོ་ལྗང་གི་རི་བོ་དང་དྭངས་གཙང་གི་ཆུ་བོ་སོགས་ཀྱིས་རང་བྱུང་གི་མཛེས་རིས་ཤིག་ལྷུན་གྱིས་གྲུབ་ཡོད།

        ལོ་འདི་དག་གི་རིང་ལ་འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱིས་གྲོང་རྡལ་གྱིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ནུས་པ་དང་སྔོན་ཐོན་བསམ་བློ་ཡོད་པ། རང་ས་རང་ཡུལ་ལ་ཞེ་འདང་ཟབ་པའི་ཁེ་ལས་དང་ས་གནས་ཀྱི་འཇོན་ནུས་ལྡན་པའི་མི་ལ་སྤྲད་ནས་གསར་སྤེལ་དང་འཛུགས་སྐྲུན་བྱེད་དུ་བཅུག་ཅིང་། སྔོན་ལ་འཆར་འགོད་དང་དངུལ་འདྲེན་ལ་ཤུགས་སྣོན། ལས་སྒོར་ཞུགས་པའི་ཆ་རྐྱེན་མཐོ་རུ་གཏོང་བ་བཅས་བྱས་ནས། ཁེ་ལས་པ་དག་གི་སྲུང་སྐྱོབ་ཀྱི་འདུ་ཤེས་དང་ཚོང་ལས་གསར་སྤེལ་གྱི་ལྟ་ཕྱོགས་མཐའ་ཆུ་གྲོང་རྡལ་གྱི་གྲོང་རྡལ་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁྲོད་ཟུག་པ་བྱས་པ་རེད། ད་ལྟའི་བར་དངུལ་སྒོར་ཁྲི་3000ལས་བརྒལ་བ་ནང་འདྲེན་བྱས་ནས་མགྲོན་ཁང་5དང་ཚད་མཐོའི་སྤུས་ལེགས་མགྲོན་ཁང་འཛུགས་སྐྲུན་བྱས་ཏེ་གཅིག་བསྡུས་རྣམ་པའི་ཕན་འབྲས་སྔར་ལས་མངོན་གསལ་ཐོན་པ་རེད། དུས་མཚུངས་སུ་ཁེ་ལས་ཀྱིས་སྤུས་ལེགས་ཁྱིམ་གཞིས་མགྲོན་ཁང་17གསར་སྤེལ་བྱས་ཏེ། རི་སྐེད་དང་ཆུ་གཞུང་གི་འགྲམ་དུ་ཡོད་པའི་གྲོང་མིའི་སྡོད་ཁང་དེ་ཐོན་ཁུངས་སུ་བསྒྱུར་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་ཐུབ་པ་བྱས་པས་དབུལ་སྒྲོལ་གྱི་ལམ་བུ་ཞིག་ཏུ་གྱུར་བ་རེད།

        འཕེལ་རྒྱས་ནི་གྲོང་རྡལ་ཡུལ་སྐོར་འཕེལ་རྒྱས་ཀྱི་མ་ལག་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ཏེ། ཕྱོགས་སོ་སོར་འབྲེལ་བ་ཡོད་ལ། སྡེ་ཁག་མང་བོད་ནུས་ཤུགས་ཕྱོགས་གཅིག་ལ་གཏོད་ནས་འཕེལ་རྒྱས་དང་མཉམ་དུ་དོ་དམ་བྱེད་དགོས་པ་རེད། 2018ལོར། མཐའ་ཆུ་གྲོང་རྡལ་གྱིས་དུད་ཁྱིམ་15ལ་རོགས་སྐྱོར་བྱས་ནས་གྲོང་རྡལ་ཡུལ་སྐོར་གྱི་ཁྱིམ་གཞིས་མགྲོན་ཁང་ལེགས་སྒྲིག་བྱས་ཤིང་། དུས་མཚུངས་སུ་ཧ་ཏ་ཁྱིམ་གཞིས་མགྲོན་ཁང་འཛུགས་སྐྲུན་བྱེད་པར་མཐའ་ཆུ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་། བདེ་ཆེན་ཚོང་ཚོགས་སོགས་འབྲེལ་མཐུད་དང་སྐུལ་སྤེལ་ཧུར་ཐག་བྱས་པ་རེད། 2019ལོར། དུད་ཁྱིམ་20ཡི་ཁྱིམ་གཞིས་མགྲོན་ཁང་ལེགས་སྒྲིག་བྱེད་པའི་འགོ་བརྩམས་ཤིང་། ཚོང་འདྲེན་བྱས་པ་བརྒྱུད་ཁེ་ལས་ཀྱིས་མ་དངུལ་སྒོར་ཁྲི་2200བཏང་ནས་ཁྱིམ་གཞིས་མགྲོན་ཁང་སྐོར་གཅིག་འཛུགས་སྐྲུན་བྱས་ཤིང་། ས་གནས་ཀྱི་ཡུལ་སྐོར་འབྱོར་དང་ཁེ་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་སྟེར།  

    ད་སྔ་བར་མཐའ་ཆུ་གྲོང་རྡལ་གྱིས་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་རིག་གནས་མྱོང་རོལ་དང་མཛེས་ལྗོངས་ལྟ་སྐོར། གུང་གསེང་ཁམས་གསོ། ལུས་རྩལ་ལས་སྒོ། ཚན་རིག་རྟོག་ཞིབ་སོགས་ཕྱོགས་ཡུལ་སྐོར་ལམ་ཕྱོགས་ལྔ་གཏོད་ཅིང་། སྤྱིའི་ཆ་ནས་ཡུལ་སྐོར་མྱོང་རོལ་གྱི་དགོས་འདོད་སྐོང་ཐུབ་པ་རེད། 2019ལོར། གནས་འདིའི་ཡུལ་སྐོར་མི་གྲངས་ཁྲི་13ལ་སླེབས་ཤིང་།ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1200ལ་སླེབས་པ་རེད།