བོད་ལྗོངས་སུ5Gརིག་ལྡན་སྨན་བཅོས་ཀྱི་རྒྱང་ཁྲིད་ནད་དཔྱད་ཐོག་མ་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-22   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

W020201221315600133786.jpg

        ཉེ་དུས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་པེ་ཅིང་མཛའ་གྲོགས་སྨན་ཁང་གི་རིགས་གཅིག་མཁས་ཅན་10ལྷག་ཙམ་ལས་གྲུབ་པའི་སྨན་བཅོས་ཚོགས་པས་5Gལག་རྩལ་ལ་བརྟེན་ནས་ལྷ་སའི་གཤེར་རྨེན་གཉན་ཚད་ཚབས་ཆེན་ཕོག་པའི་ནད་པ་ཞིག་ལ་ནད་དཔྱད་བྱས་ཤིང་། དེ་ནི་བོད་རང་སྐྱོང་ལྗོངས་སུ་ལག་བསྟར་བྱས་པའི་5Gརིག་ལྡན་སྨན་བཅོས་ཀྱི་རྒྱང་ཁྲིད་ནད་དཔྱད་ཐོག་མ་ཡིན་པ་དེ་ཐོག་ནས་མ་འོངས་པར་གངས་ལྗོངས་ས་མཐོའི་མང་ཚོགས་ལ་ནང་སའི་སྨན་བཅོས་ཐོན་ཁུངས་དེ་བས་སྟབས་བདེ་དང་མང་བ་ལོངས་སྤྱོད་ཐུབ་རྒྱུ་ཡིན་པ་མཚོན་ཡོད།

        ད་རེས་ཀྱི་རྒྱང་ཁྲིད་ནད་དཔྱད་ནང་ཞུགས་མཁན་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་རེན་དབྱི་ཡིས་5Gལག་རྩལ་ལ་དྲ་ཆེན་རྒྱ་ཆེ་བ་དང་། དུས་ཚོད་ཐུང་བ། ཉམས་མྱོང་ལེགས་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། སྲོལ་རྒྱུན་གྱི་རྒྱང་ཁྲིད་ནད་དཔྱད་དང་བསྡུར་ན་མཐོང་ཐུབ་པའི་བརྙན་རིས་ཀྱི་གསལ་ཚད་དེ་བས་མཐོ་བ་དང་། དཔྱད་གཞི་ལེན་པའི་མྱུར་ཚད་དེ་བས་མགྱོགས་པ། པར་རིས་གཏོང་ཚད་དེ་བས་སྟབས་བདེ་བ་བཅས་ཡོད་པ་དེ་དག་གིས་སྤུས་ཚད་མཐོ་བའི་རྒྱང་ཁྲིད་ནད་དཔྱད་བདེ་བླག་ཐུབ་པར་འགན་ལེན་བྱས་ཡོད་ཅེས་བརྗོད།

W020201221315600191955.jpg

        འདི་ལོའི་ཟླ་5པར་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དང་བོད་ལྗོངས་ལན་ཐུང་ཀུང་སིས་བོད་ཀྱི་5Gརིག་ལྡན་སྨན་བཅོས་མཉམ་འབྲེལ་ཚོད་ལྟ་ཁང་ཐོག་མ་བཙུགས་པ་ནས་བཟུང་། ཕྱོགས་གཉིས་པོས་ལས་སྒོའི་འབྲེལ་གཏུག་དང་ལག་རྩལ་སྤེལ་རེས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། 5Gལག་རྩལ་ལ་བརྟེན་ནས་རིག་ལྡན་སྨན་བཅོས་རྣམ་གྲངས་ཀྱི་འགག་སྒྲོལ་མང་པོ་བྱས་པ་རེད།

        5Gརིག་ལྡན་སྨན་བཅོས་ཀྱི་རྒྱང་ཁྲིད་ནད་དཔྱད་ཐོག་མ་བདེ་བླག་ངང་ལག་བསྟར་བྱས་རྗེས། བོད་ལྗོངས་ལན་ཐུང་ཀུང་སིས་བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་ཆེ་གྲས་དང་མཉམ་ལས་གཏིང་ཟབ་བྱས་ནས་མུ་མཐུད་5GWIFIཁྱབ་པ་དང་། སྤྲིན་ཚོམ་ནད་གཡོག རྒྱང་ཁྲིད་གཤགས་བཅོས། རིག་ལྡན་ནད་ཁང་སོགས་ཀྱི་ཐད་རིག་ལྡན་སྨན་བཅོས་བྱས་ནས་ས་མཐོའི་ནད་པར་དེ་བས་སྟབས་བདེ་དང་སྤུས་ལེགས་ཀྱི་སྨན་བཅོས་ཞབས་འདེགས་ཞུ་རྒྱུ་རེད། །