ཁ་ཞུར་རྒྱ་སྨུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཁ་ཞུར་རྒྱ་སྨུག་ནི་ཁྲུང་ཁྲུང་གི་རིགས་ཤིག་ཡིན་ལ། ལུས་པོའི་རིང་ཚད་ལ་ལི་སྨི་44ཙམ་ཡོད་ལ།  སྒྲོ་མདོག་སྨུག་པོ་དང་ལྗང་ཁུ་གཙོ་བོ་ཡིན། མཆུ་ཏོ་དམར་ཞིང་སྦོམ་ལ། དམར་ཞིང་འཐུག་པའི་གདོང་ཁེབས་ཡོད། རྔ་མའི་འོག་གི་སྒྲོ་སྤུ་དཀར་པོ་ཡིན་པ་མ་གཏོགས་ལུས་ཡོངས་ཀྱི་སྤུ་མདོག་སྨུག་པོ་ཡིན་ལ། བྱ་མོ་དང་བྱ་ཕོའི་ཕྱིའི་རྣམ་པ་སྤྱིའི་ཆ་ནས་འདྲ་འདྲ་ཡིན་པ་རེད།



    ཁ་ཞུར་རྒྱ་སྨུག་གཙོ་བོ་ཡོ་རོབ་གླིང་དང་ཡ་གླིང་གི་ལྷོ་རྒྱུད་དུ་ཁྱབ་ཡོད་ལ། ཆེས་མཛེས་པའི་ཆུ་བྱ་ཞེས་པའི་མཚན་སྙན་ཡོད། ན་གཞུང་དང་ཆུ་སྐྱེས་རྩི་ཤིང་གིས་ཕྱུག་པའི་མཚེའུ་དང་། ཆུ་ཕྲན། ཆུ་ཡུར།  དེ་བཞིན་མཚོ་རྒྱུད་ན་འདམ་ནགས་ཚལ་བཅས་སུ་འཚོ་སྡོད་བྱ་ལ། སྐབས་འགར་འབྲས་ཞིང་དུའང་འཚོ་བ་རེད། དུས་རྒྱུན་ཆ་རེའམ་ཡང་ན་ཁྱུ་ཚོགས་པ་བྱས་ནས་འཚོ་རེད། བྱ་འདིའི་གཤིས་རྒྱུད་འཇམ་ཞིང་སྤོབས་པ་ཆུང་ལ། ཞོགས་པ་དང་ས་སྲོས་སུ་འགུལ་སྐྱོད་མང་ཙམ་བྱ། ཉིན་དཀར་འདམ་རྩྭའི་ཁྲོད་དུ་རྐུང་ནས་འདུག་པར་དགའ། ཁ་ཞུར་རྒྱ་སྨུག་གི་གཟན་ཆས་ལ་གཙོ་བོ་ཆུ་རྩྭའི་གཞུང་རྟ་སོགས་ཀྱི་རྩི་ཤིང་གི་རིགས་ཡིན་ལ།  སེམས་ཀྱི་ཉི་ཟླ་རུ་ཁ་ཞུར་རྒྱ་སྨུག་ནི་ཁྱབ་ཕྱོགས་ཤིག་གིས་སྐབས་སྐབས་སུ་མ་གཏོགས་མེད་པས་ཧ་ཅང་མཐོང་བཀོན་པ་རེད།