གླག་དཀར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-21   རྩོམ་ཁུངས།   

        གླག་དཀར་ནི་རྒོད་ཀྱི་རིགས་ཤིག་ཡིན་ལ། གཟུགས་ཀྱི་རིང་ཚད་ལ་ལི་སྨི་75དང་།  གཤོག་པ་བརྐྱངས་པའི་རིང་ཚད་ལ་ལི་སྨི་180ཡོད་པ་རེད། སྤུ་མདོག་ལ་འགྱུར་ལྡོག་ཅུང་ཆེ་སྟེ། ཁམ་མདོག་ནས་ཁམ་སེར་དུ་འགྱུར་ལ། མགོ་དང་སྐེ་ཁམ་སེར་ཡིན་ལ། གཤོག་པ་གཉིས་ན་ཁྲ་རིས་ཡོད་པ་རེད། གླག་དཀར་ནི་རང་རྒྱལ་གྱི་བྱང་ཤང་དང་ནང་སོག  ཞིན་ཅང་། མཚོ་སྔོན། བོད་ལྗོངས་སོགས་ཀྱི་ས་ཁུལ་དུ་ཡོད་ལ། དགུན་དུས་སུ་རང་རྒྱལ་གྱི་ལྷོ་སོགས་སུ་སོང་ནས་དགུན་སྐྱེལ་བ་ཡིན་ལ། ཁ་ཤས་ཤིག་རྒྱ་གར་དང་འབར་མ་སོགས་ཀྱི་རྒྱལ་ཁབ་ལ་སོང་ནས་དགུན་སྐྱེལ་བ་རེད།

(མའོ་ཀོ་ཝེའུ་ཡིས་པར་བླངས།)

  (སུང་ཞུའེ་པོའོ་ཡིས་པར་བླངས།)

        གླག་དཀར་ནི་ཁོད་ཡངས་པའི་རྩྭ་ཐང་དང་སྤང་ལྗོངས། ཞིང་ས་སོགས་སུ་ཡོད་ལ། གཟན་ལ་རི་བོང་དང་ཨ་བྲ་སོགས་སྒལ་ཚིགས་ཡོད་པའི་སྲོག་ཆགས་ཆུང་གྲས་རྟེན་པ་རེད། དགུན་དུས་སུ་ཡུན་ནན་གྱི་ས་ཁུལ་མང་བོ་ནས་མཐོང་ཐུབ་ལ། སྟོན་ཀ་དང་དཔྱིད་ཀའི་དུས་སུ་སེམས་ཀྱི་ཉི་ཟླའི་ནས་མཐོང་ཐུབ་ཀྱང་། གྲངས་ཀ་ཅུང་ཉུང་བ་རེད།


    (མའོ་ཀོ་ཝེའུ་ཡིས་པར་བླངས།)


  (སུང་ཞུའེ་པོའོ་ཡིས་པར་བླངས།)

  (སུང་ཞུའེ་པོའོ་ཡིས་པར་བླངས།)