རྣ་བ་འོན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-18   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        རླུང་ལ་སོགས་ཀྱིས་རྣ་བའི་དབང་རྩར་གནོད་སྐྱོན་ཕོག་པ་དང་། མཁལ་མར་ནད་སྐྱོན་བྱུང་བ་སོགས་ཀྱི་དབང་གིས་རྣ་བས་སྒྲ་མི་ཚོར་བའི་ནད་ཅིག་ལ་ཟེར།

        སློང་རྐྱེན། རླུང་འཁྲུགས་ནས་སྒྲ་ལེན་དབང་རྩར་གནོད་སྐྱོན་ཤོར་བ་དང་། རྣ་བར་རྣག་བསགས་པ་དང་། རྨས་སྐྱོན་ཤོར་བ། སྒྲ་ཆེན་པོ་བསྒྲགས་པ་སོགས་ཀྱིས་རྣ་བའི་རྔ་པགས་རལ་རྡོལ་ཆགས་པ། མཁལ་མར་ནད་སྐྱོན་ཤོར་བ་སོགས་ཀྱིས་སློང་བ་ཡིན། 

        ནད་རྟགས། རྣ་བའི་སྒྲ་མི་ཚོར་བ་དང་། ཆུ་སྒྲ་དང་རྔ་སྒྲ་ལྟ་བུའི་སྒྲ་ཐོས་པ་སོགས་ཀྱི་རྟགས་ཡོད།

        བཅོས་ཐབས། རླུང་དང་དབང་རྩའི་རང་བཞིན་གྱིས་འོན་པ་སྨན་དུ་ཨ་གར་ཉི་ཤུ་དང་། ལུག་ཀླད་རིལ་བུ། བསམ་འཕེལ་ནོར་བུ་དང་། མཁལ་མའི་ནད་སྐྱོན་གྱིས་འོན་པ་ཡིན་ན་སྨན་དུ་སུག་སྨེལ་བཅུ་བ་དང་། སེ་འབྲུ་ཉི་མའི་དཀྱིལ་འཁོར་སོགས་འཕྲོད། དཔྱད་དུ་རྣ་བའི་བུ་གའི་ཐད་དྲང་རྒྱབ་མདུན་བསྲེག་པ་དང་དཔྲལ་རྩ་རྩེ་ཆུང་གང་འོས་གཏར་དགོས་སོ།།

        སྔོན་འགོག  ཁ་ཟས་དྲོད་བཅུད་བསྟེན་པ་དང་སྤྱོད་ལམ་དྲག་ཤུལ་སྤང་དགོས་སོ།།