དགའ་ལྡན་སུམ་རྩེན་གླིང་ནས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། 2020ལོའི་ཟླ་12ཚེས་10ཉིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སུམ་རྩེན་གླིང་དོ་དམ་ཅུས་ཀྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྨན་བཅོས་འགན་བཅོལ་ཅུས་དང་། བདེ་ཆེན་ཁུལ་མི་སྲོག་ཉེན་སྲུང་དང་སུམ་རྩེན་གླིང་མེ་ཟོན་རུ་ཁག་སོགས་ཀྱིས་མཉམ་དུ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་གྱི་བྱེད་སྒོ་སྤེལ་བ་རེད། ཁང་ཚན་རེ་རེའི་ཚོགས་གྲོལ་རྗེས་གཏེར་མ་རོང་ཁང་ཚན་དང་། ཕྱག་ཕྲེང་ཁང་ཚན། རོང་པ་ཁང་ཚན། རྡོ་མཁར་ཁང་ཚན་སོགས་ཁང་ཚན་བརྒྱད་ནས་རིམ་བྱས་ནས་སྤེལ་བ་རེད།  ཐེངས་འདིའི་སྒྲོག་འགྲེལ་བྱ་ཡུལ་གྱི་དམིགས་བསལ་རང་བཞིན་ལ་གཞིགས་ནས་བྱེད་སྒོ་དེ་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་སྒྲོག་འགྲེལ་དང་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་དྲིལ་བསྒྲགས་ལག་དེབ་བཀྲམ་པ་སོགས་ཀྱི་བྱེད་ཐབས་སྤྱད་པས།རྒྱ་ཆེའི་གྲྭ་མང་ལ་ཉན་འདོད་དང་ལྟ་འདོད་ཀྱི་སྤྲོ་བ་ཆེན་པོ་སྐྱེས་པ་རེད། 

སྒྲོག་འགྲེལ་གྱི་ཡུལ་དངོས།

        སྒྲོག་འགྲེལ་གྱིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དེ་སུམ་རྩེན་གླིང་གི་གནས་ཚུལ་དངོས་དང་ཆོས་ལུགས་ལས་དོན་སྲོལ་ཡིག་གི་ནང་དོན་དང་མཉམ་འདྲེས་བྱས་ཤིང་། སྲིད་ཇུས་དང་དོན་དངོས་ཟུང་འབྲེལ་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་མཉམ་འདྲེས་ཡོང་བར་བྱས་ཏེ། སུམ་རྩེན་གླིང་གི་དགེ་འདུན་པ་ཡོངས་ཀྱིས་ལྟེ་བར་བརྩི་བཀུར་དང་བློ་ཁ་པེ་ཅིང་ལ་ཕྱོགས་པའི་ཆོད་སེམས་བརྟན་པོ་བཏོད་དེ་དགོན་སྡེ་ཡོངས་ཀྱིས་སྲིད་ཇུས་སློབ་སྦྱོང་དང་། སྲིད་ཇུས་ཤེས་རྟོགས། སྲིད་ཇུས་ཀྱིས་སྣེ་ཁྲིད་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད། སྤྱིར་འབྲེལ་ཡོད་བྱེད་སྒོ་སྤྱི་ཟླ་11པའི་ཚེས་ཉེར་དགུ་ཉིན་ནས་སྤེལ་བ་ཡིན་མོད། ཐེངས་འདི་ལྟ་བུའི་རྒྱ་ཆེ་ཤིང་ཞིབ་ཚགས་ཅན་གྱི་སྒྲོག་འགྲེལ་བྱེད་སྒོ་ནི་ཐོག་དང་པོ་ཡིན་པས། རྒྱ་ཆེའི་གྲྭ་མང་ཁྲོད་ལན་ཆ་བཟང་བོ་བྱུང་ལ་ཕན་འབྲས་མངོན་གསལ་ཐོབ།

སྒྲོག་འགྲེལ་གྱི་ཡུལ་དངོས།

དགའ་ལྡན་སུམ་རྩེན་གླིང་དོ་དམ་ཅུས་ཀྱི་ཅུང་ཀྲང་ཅང་ཞོ་ཅུན་གྱིས་གཏེར་མ་རོང་ཁང་ཚན་ན་ནན་ཏན་གྱིས་ལོ་82ཡིན་པའི་གྲྭ་བ་ལོ་ལོན་ཞིག་ལ་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་འགྲེལ་བཤད་བྱེད་བཞིན་པ།

        བྱེད་སྒོའི་ཁྲོད་ད་དུང་ཉེན་སྲུང་ཀུང་སི་དང་གྲོང་ཁྱེར་སྨན་བཅོས་འགན་ལེན་ཅུས་དང་སུམ་རྩེན་གླིང་གི་མེ་ཟོན་རུ་ཁག་སོགས་འབྲེལ་ཡོད་སྡེ་ཚན་གྱི་མི་སྣས་དགེ་འདུན་པ་ཚོར་སྨན་བཅོས་འགན་བཅོལ་དང་མེ་སྐྱོན་སྔོན་འགོག་སོགས་དམངས་འཚོའི་གནད་དོན་དང་མེ་སྐྱོན་སྔོན་འགོག་སོགས་ཀྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སོགས་སྔོན་འགོག་སྐོར་འགྲེལ་བཤད་ཞིབ་ཕྲ་བྱས་པ་མ་ཟད། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་སྨན་བཅོས་འགན་བཅོལ་ནང་ཞུགས་ནས་སྟབས་བདེ་དང་ཕན་པ་ཐོབ་པའི་སྐོར་རེ་རེ་བཞིན་གསལ་བཤད་ཀྱང་བྱས་པ་རེད།

བོད་རྒྱ་སྐད་གཉིས་ཀྱི་དྲིལ་བསྒྲགས་ལག་དེབ་དང་དྲིལ་བསྒྲགས་འཕྲེད་འགེལ་ཡི་གེ