ཡུན་ནན་གྱི་ཡིག་གཟུགས་འགྲེམ་སྟོན་ཐོག་གི་བོད་ཀྱི་ཡིག་གཟུགས་བརྩམས་ཆོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།   2020ལོའི་ཟླ་12པའི་ཚེས་9ཉིན་ནས་ཚེས10ཉིན་ལ།སྔ་དྲོ་ཁྲུའུ་ཞུང་ལག་རྩལ་སློབ་གླིང་མཛེས་རྩལ་ཁང་དུ་ཡུན་ནན་ནུབ་རྒྱུད་ཀྱི་ཁུལ་དང་གྲོང་ཁྱེར་བཞིའི་ཡིག་གཟུགས་བརྩམས་ཆོས་མཉམ་འབྲེལ་འགྲེམས་སྟོན་སྐབས་གཉིས་པ་སྤེལ་བ་རེད།

ཚོགས་རའི་ཡུལ་དངོས།

      ཐེངས་འདིའི་ཡིག་གཟུགས་མཉམ་འབྲེལ་འགྲེམས་སྟོན་ནི་ཡུན་ནན་ཞིང་ཆེན་ཡིག་གཟུགས་མཁས་ཅན་མཐུན་ཚོགས་དང་ཁྲུའུ་ཞུང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ་དང་། ཡུན་ནན་དེང་རབས་ལས་རིགས་ལག་རྩལ་སློབ་གླིང་ཁྲུའུ་ཞུང་ལག་རྩལ་སློབ་གླིང་གིས་གཉེར་འགན་འཁུར་བ། ཁྲུའུ་ཞུང་ཁུལ་གྱི་ཡིག་མཁན་མཐུན་ཚོགས་དང་། ཏ་ལི་ཁུལ་གྱི་ཡིག་མཁན་མཐུན་ཚོགས། ས་དམ་གྲོང་ཁྱེར་གྱི་ཡིག་མཁན་མཐུན་ཚོགས། བདེ་ཆེན་ཁུལ་གྱི་ཡིག་མཁན་དང་མཛེས་རྩལ་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཉེར་བ་རེད།

ཆེད་མཁས་རྣམས་ཡིག་གཟུགས་བརྩམས་ཆོས་ལ་གཟིགས་བཞིན་པ།

   ཐེངས་འདིའི་ཡིག་གཟུགས་འགྲེམས་སྟོན་ཐོག་ཁྱོན་བརྩམས་ཆོས་163ལེགས་འདེམས་བྱས་པའི་ནང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱོན་བརྩམས་ཆོས་40ལེགས་འདེམས་བྱས་པ་དང་། བརྩམས་ཆོས་འདི་དག་གི་ཁྱད་ཆོས་མི་འདྲ་ལ་རྣམ་པ་སྣ་ཚོགས་ཡོད་པས། ཡུན་ནན་ནུབ་རྒྱུད་ཀྱི་ཁུལ་དང་གྲོང་ཁྱེར་བཞིའི་ཡིག་གཟུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་འཚོལ་ཞིབ་ཀྱི་འགྲེམས་སྟོན་ཞིག་རེད། ཐེངས་འདིའི་འགྲེམས་སྟོན་གཉེར་བ་དེས་ཡུན་ནན་ནུབ་རྒྱུད་དང་ཐ་ན་ཡུན་ནན་གྱི་ཡིག་གཟུགས་བྱེད་སྒོ་སྤེལ་རྒྱུར་དགེ་མཚན་ལྡན་ལཤུགས་རྐྱེན་གཏིང་ཟབ་ཐེབས་ངེས་ཡིན།

འགྲེམ་སྟོན་དུ་ཞུགས་པའི་བདེ་ཆེན་གྱི་ཡིག་གཟུགས་བརྩམས་ཆོས་ཁག་གཅིག





བོད་ཀྱི་ཡིག་གཟུགས་བརྩམས་ཆོས།




རྒྱའི་ཡིག་གཟུགས་བརྩམས་ཆོས།

འཇང་སྟོན་པའི་ཡིག་གཟུགས་བརྩམས་ཆོས།