ཨ་རོགས་ཚོ།རྒྱ་སིལ་ཟ་བའི་དུས་སུ་སླེབས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།       ཉེ་སྔོན། འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཤང་སོགས་ཀྱི་རྒྱ་སིལ་གཅིག་རྗེས་གཉིས་མཐུད་ངང་སྨིན།

    ཞིང་དུད་མི་ཉུང་བ་ཞིག་གིས་རང་ཉོ་རང་འཚོང་བྱེད་ཀྱི་ཡོད་ལ། ཚོང་པ་འགའ་རེས་ཞིང་དུད་ཀྱི་ལག་ནས་ཤིང་ཏོག་རྒྱ་སིལ་སྡེབ་ཉོ་བྱས་ནས་གྲོང་ཁུལ་དུ་འཚོང་བཞིན་པ་ཡང་ཡོད་པ་རེད།

    ཚོང་ར་ན་རྒྱ་སིལ་ཚོང་བཞིན་པའི་སྐལ་བཟང་སྒྲོལ་མས་ད་ལོ་ཁོ་ཚང་གི་རྒྱ་སིལ་ལ་ལོ་ལེགས་བྱུང་ལ་ཉིན་གཅིག་ལ་ཉུང་མཐའ་ཡང་རྒྱ་མ་300བཙོང་ཐུབ།        རྒྱ་སིལ་ནི་ས་གནས་དེ་གའི་དུས་ཚིགས་རང་བཞིན་གྱི་སིལ་ཏོག་ཞིག་ཡིན་པའི་ཆ་ནས་ཚོང་ཡག་པོ་འདུག་ཅེས་གསར་འགོད་པར་བཤད།