གསར་ཤོས། ཇོ་རིའི་མཐོ་ཚད་ཁྱབ་བསྒྲཊ་བྱས་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-09   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

    སྤྱི་ཟླ་12པའི་ཚེས་8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་པན་ཏ་ལི་དང་ཕན་ཚུན་འཕྲིན་ཡིག་སྤྲིངས་གནང་ནས་ཇོ་མོ་གླང་མའི་མཐོ་ཚད་མཐོ་ཤོས་ལ་སྨི་8848.86ཡོད་ཅེས་མཉམ་དུ་ཁྱབ་བསྒྲགས་གནང་ཡོད།

     སྤྱི་ཟླ་5པའི་ཚེས་27ཉིན་གྱི་སྔ་དྲོའི་ཆུ་ཚོད་11ཐོག་སྤྱི་ལོ་2020ལོའི་ཇོ་རིའི་མཐོ་ཚད་ཚད་ལེན་རི་འཛེགས་རུ་ཁག་གི་རུ་མི་བརྒྱད་ཀྱིས་བྱང་ངོས་ནས་ཇོ་མོ་གླང་མའི་མཐོ་ཚད་མཐོ་ཤོས་སུ་འཛེགས་པ་དང་། མཐོ་ཚད་མཐོ་ཤོས་ཀྱི་ཚད་འཇལ་ལས་འགན་ལེགས་སྒྲུབ་བྱས་ཡོད།

     སྤྱི་ཟླ་5པའི་ཚེས་28ཉིན། སྤྱི་ལོ་2020ལོའི་ཇོ་རིའི་མཐོ་ཚད་མཐོ་ཤོས་ཀྱི་ཚད་འཇལ་རི་འཛེགས་རུ་ཁག་བདེ་འཇགས་ངང་ཇོ་རིའི་སྒར་ས་ཆེན་མོར་ཕྱིར་ལོག་བྱས་ཡོད།