སེམས་ཀྱི་ཉི་ཟླ་དང་འཇོལ་རྫོང་དགུན་དུས་སྤྲོ་གསེང་བྱ་ཡུལ་ལེགས་གྲས100ནང་ཚུད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     ཉེ་ཆར་2020ལོའི་ཀྲུང་གོའི་དགུན་དུས་སྤྲོ་གསེང་བྱ་ཡུལ་གྱི་རྫོང་དང་གྲོང་ཁྱེར་ལེགས་གྲས་བརྒྱའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་།  རྒྱ་ཆེའི་ཡུལ་སྐོར་བར་དགུན་དུས་སྤྲོ་གསེང་དུ་འགྲོ་བའི་གནས་མང་པོ་ཞིག་འོས་སྦྱོར་བྱས་ཡོད།  

     དགུན་དུས་སྤྲོ་གསེང་བྱ་ཡུལ་གྱི་རྫོང་དང་གྲོང་ཁྱེར་ལེགས་གྲས་བརྒྱའི་མིང་ཐོའི་ནང་སི་ཁྲོན་ཞིང་ཆེན་གྱི་གླང་ཆེན་འགྱིང་རི་གྲོང་ཁྱེར་དང་།  ཧོ་པེ་ཞིང་ཆེན་ཀྲང་ཅ་ཁོའུ་གྲོང་ཁྱེར་ཁྲུང་ལི་ཆུས།   ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བཅས་ནི་ཨང་རིམ་གསུམ་པའི་གྲས་སུ་ཚུད་ཡོད།   ཀྲུང་གོའི་དགུན་དུས་སྤྲོ་གསེང་བྱ་ཡུལ་གྱི་རྫོང་དང་གྲོང་ཁྱེར་ལེགས་གྲས་བརྒྱའི་མིང་ཐོའི་གནས་ཚུལ་ལ་གཟིགས་ན།   ཀོང་ཏུང་ཞིང་ཆེན་དུ་རྫོང་དང་གྲོང་ཁྱེར16དང་སི་ཁྲོན་ཞིང་ཆེན་ལ་རྫོང་དང་གྲོང་ཁྱེར14 ཡུན་ནན་དང་ཀྲེ་ཅང་ཞིང་ཆེན་ལ་སོ་སོར་རྫོང་དང་གྲོང་ཁྱེར10རེ་བདམས་ཐོན་བྱུང་ཡོད་པས་སྤྲོ་གསེང་བྱ་ཡུལ་བདམས་ཐོན་ཆེས་མང་བའི་ཞིང་ཆེན་བཞི་རུ་གྱུར་ཡོད།  

2020ལོའི་ཀྲུང་གོའི་དགུན་དུས་སྤྲོ་གསེང་བྱ་ཡུལ་གྱི་རྫོང་དང་གྲོང་ཁྱེར་ལེགས་གྲས་བརྒྱའི་མིང་ཐོ་ནང་ཚུད་པའི་ཡུན་ནན་ཞིང་ཆེན་གྱི་རྫོང་དང་གྲོང་ཁྱེར་བཅུ་ནི།སེམས་ཀྱི་ཉི་ཟླ་གྲོང་ཁྱེར།   ཐེང་ཁྲུང་གྲོང་ཁྱེར།    ཅིང་ཧུང་གྲོང་ཁྱེར།   འཇོལ་རྫོང་།  ཏ་ལི་གྲོང་ཁྱེར།   ཅན་ཧྲུའེ་རྫོང་། ཡུས་ལུང་འཇང་རིགས་རང་སྐྱོང་རྫོང་།   ཁུན་མིང་གྲོང་ཁྱེར་ནུབ་རི་ཁུལ། ས་དམ་གྲོང་ཁྱེར་གྱི་གནའ་གྲོང་ཁུལ།ཁུན་མིང་གྲོང་ཁྱེར་གྱི་ཝུའུ་ཧྭ་ཁུལ་བཅས་ཡིན། 

     དགུན་དུས་ཀྱི་སེམས་ཀྱི་ཉི་ཟླ་ནི་ཚོན་མདོག་གི་བསླུ་བྲིད་མེད་པའི་དྭངས་གཙང་གི་འཇིག་རྟེན་ཞིག་ཡིན།དགུན་གྱི་དུས་ལ་ཡུལ་འདིར་ཆེས་དྭངས་བའི་གནམ་གཤིས་དང་ཆེས་དྲོ་བའི་ཉི་མ་ཡོད།  ལྷོ་ཕྱོགས་ཀྱི་ཤྭ་ཁ་རི་བོའི་སྟེང་ལ་གངས་དཀར་ཁ་བས་གཡོགས་ནས་བལྟས་པ་ཙམ་གྱིས་ཡིད་ལ་དགའ་སྣང་སྟེར་ཞིང་།   འཇོལ་གྱི་སྲིད་པའི་གངས་རྒན་ཁ་བ་དཀར་པོའི་ཧ་ལས་ཤིང་ངོ་མཚར་བའི་སྣོད་བཅུད་ཀྱི་བཀོད་པ་་ཆགས་པའི་ཡུལ་སྐོར་བ་བགྲངས་ཀྱིས་ག་ལ་ལང་། གནས་འདིར་ལྟད་མོ་ཕེབས་ཤོག་དང་།  སེམས་ཀྱི་ཉི་ཟླ་ནས་ཁྱེད་ཀྱིས་རང་ཉིད་ལ་དབང་བའི་སོས་དལ་བག་ཕེབས་ཀྱི་འཇིག་རྟེན་དེ་འཚོལ་ཐུབ།