བོད་རིགས་དྲག་རྩལ་པ་ཞིགUFCའགྲན་བསྡུར་ལས་རྣམ་པར་རྒྱལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-03   རྩོམ་ཁུངས།    ཁམས་པའི་དྲ་བ།

ཟླ11པའི་ཚེས་29ཉིན། ཨ་རིའི་ལ་སི་ཝེ་ཅ་སི་UFCའགྲན་བསྡུར་གྱི་ཡུལ་དངོས་ནས་གཏམ་བཟང་འབྱོར་གསལ། ཀྲུང་གོའི་ལུས་རྩལ་པ་བསོད་ནམས་དར་རྒྱས་ཀྱིས་སྐར་ཆ་44ནང་འགྲན་ཡ་ཕམ་པར་བརྒྱབ་ནས་རྣམ་པར་རྒྱལ་ཞིང་། ཁོ་ནི་UFCསྟེགས་བུའི་ཐོག་ཏུ་འཛེག་པའི་བོད་རིགས་ཐོག་མ་དེ་ཡིན་པ་རེད།

བསོད་ནམས་དར་རྒྱས་ནི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་ཁྲོ་ཆུ་རྫོང་ནས་སྐྱེས་ཤིང་། ད་ལོ་ཕོ་ལོ་24ཡིན་པ་དང་། ཆུང་དུས་ནས་ལུས་རྩལ་ལ་དགའ་ཞིང་། ཁོ་རང་ལ་མཚོན་ན། ལོ་ན་14ལ་སོན་དུས་ནི་ཁོའི་ལས་དབང་ལ་འགྱུར་ལྡོག་བླ་ལྷག་བྱུང་བའི་དུས་ཤིག་ཡིན་ཏེ། ཀྲུང་གོའི་དྲག་རྩལ་གྱི་ཁྱབ་ཁོངས་སུ་སྐད་གྲགས་ཤིན་ཏུ་ཆེ་བའི་མགོན་པོ་དྲག་རྩལ་ཚོགས་པས་ཁོ་རང་དང་ལེན་བྱས་ཤིང་། དྲལ་རྩལ་འགྲན་བསྡུར་གྱི་ལས་ལ་ཞུགས་འགོ་བརྩམས།


2018ལོའི་ཟླ་བ་11པར། UFCཡི་པེ་ཅིང་འགྲན་ཚོགས་མ་སྤེལ་བའི་ཉིན་བཅུའི་ཡར་སྔོན་དུ། བསོད་ནམས་རྡོ་རྗེ་ལ་UFCནང་དུ་ཞུགས་ཆོག་པའི་བརྡ་ཐོ་འབྱོར་ཞིང་། UFCཡི་ཟུར་བརྒྱད་སྟེགས་བུའི་ཐོག་ཏུ་འཛེག་ཐུབ་པའི་བོད་རིགས་ཐོག་མར་གྱུར། ང་ཚོས་ཁོའི་གཞུག་གི་འགྲན་བསྡུར་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པའི་ཡིད་ཆེས་ཡོད་ལ། ཀུན་ལས་རྣམ་པར་རྒྱལ་བའི་སྨོན་ལམ་ཡང་ཡང་འདེབས་སོ། །