སྟག་མཆོང་གྲོང་རོང་དུ་གཞུ་དབྱིབས་ཟམ་པའི་ལས་གྲྭ་ཆེ་ཞིག་སྐྲུན་ཚར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་11པའི་ཚེས་30ཉིན་སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ཐོག་སྟག་མཆོང་གྲོག་རོང་དུ་ཕན་ཚུན་སྦྲེལ་མཐུད་བྱས་པའི་གཞུ་དབྱིབས་ཅན་གྱི་ཟམ་པ་ཞིག་བཟོ་སྐྲུན་བྱས་ཚར་བ་དང་དེ་ནི་ས་འོག་སྣོལ་གྲུབ་རྣམ་པའི་ཟམ་པ་དང་ཕུག་ལམ་སྦྲེལ་མཐུད་བྱས་ཡོད་པ་ཞིག་རེད།

      སྟག་མཆོང་གྲོག་རོང་གི་ས་འོག་འབྲེལ་མཐུད་བྱེད་ས་དེ་ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྟག་མཆོང་གྲོག་རོང་གྲོང་རྡལ་གྱི་ཁྲེང་ཧྲེང་གྲོང་ཚོ་དང་ཏུང་ཕོ་གྲོང་ཚོའི་འབྲེལ་མཚམས་སུ་གནས་ཡོད།  ལམ་དུམ་དེ་རི་མཐོ་ལ་གཡང་གཟར་བ་དང་། ལས་གྲྭའི་དཀའ་ཚེགས་ཧ་ཅང་ཆེ་ལ་ཆུའི་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་མཐོ་བ་རེད།སྟག་མཆོང་གྲོག་རོང་གི་ས་འོག་སྦྲེལ་མཐུད་རྣམ་པ་དེ་གཅུ་ལམ་གསུམ་གྱིས་གྲུབ་ཡོད་པ་སྟེ་གཅུ་ལམAཅན་ནི་ཕྱིར་གཏོང་གཅུ་ལམ་དང་།     གཅུ་ལམBཅན་ནི་ནང་འཇུག་གཅུ་ལམ།     གཅུ་ལམ་Cཅན་ནི་ཁ་ཕྱིར་འཁོར་བྱེད་ཀྱི་གཅུ་ལམ་ཡིན།    ཆུ་ཚོད་རེར་སྤྱི་ལེ་40ནས60ཡི་ཇུས་འགོད་མྱུར་ཚད་ཀྱི་འཇུག་སྒོ་རྐྱང་བའི་འཁོར་ལམ་གཉིས་ཅན་སྤྱད་ཡོད་ཅིང་གཞུང་ལམ་གྱི་ཞེང་ཚད་ཚང་མ་སྨི་10.5ཅན་ཡིན།  

      སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་སྟག་མཆོང་གྲོག་རོང་གི་སྦྲེལ་མཐུད་ཀྱི་ཟམ་པ་ལ་ཞེང་ཚད་རྒྱ་བསྐྱེད་པའི་གཞུ་དབྱིབས་ཅན་གྱི་གྲུབ་ཚུལ་རྣམ་པ་སྤྱད་ཡོད་ཅིང་།   ཟམ་ངོས་ཀྱི་སྒྲིག་གཞིའི་ཞེང་ཚད་སྨི12.65ཡིན། ཨར་ལས་བྱེད་རིང་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་། རི་ཁུག་དང་།རི་ཤུར་ཆེན་པོ། རི་ལྡེབས་མཐོ་བ་སོགས་ས་བབ་ཀྱི་དཀའ་གནད་ལ་འཕྲད་སྐབས་རྣམ་གྲངས་ཀུང་སིས་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་སྒྲིག་འཛུགས་བྱས་ནས་ཨར་ལས་ཇུས་གཞིར་ཞིབ་འཇུག་ཡང་ཡང་བྱས་པ་རེད། ཨར་ལས་བཟོ་རྩལ་པར་གཞི་5བདམས་པ་དང་། ཨར་ལས་ཀྱི་ལས་ཡུན་དང་བདེ་འཇགས་སོགས་ཀྱི་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ཏེ་འདེགས་སྒྲོམ་མཐོ་བའི་སྡེབ་སྒྲིག་གི་རིམ་པ་གཉིས་ལྡན་གྱི་པེ་ལེ་ཟམ་པ་སྒྲིག་སྦྱོར་བྱས་ནས་ཨར་ལས་བྱེད་པའི་ཇུས་གཞི་གཏན་འཁེལ་བྱས་པ་རེད།   ཇུས་འགོད་ཀྱི་བླང་བྱ་དང་མཐུན་པའི་རྨང་གཞིའི་ནུས་པ་འདོན་ཆེད།ཨར་ལས་ཀྱི་བརྟན་འཇགས་རང་བཞིན་དང་བསྟུན་ནས་རི་ཁུག་དཀྱིལ་གྱི་འདྲེད་ངོས་ལ་ཨར་འདམ་བརྗེ་ནས་ཨར་འདམ་སྨི་རྒྱ་དཔངས་གྲུ་བཞི་མ་607བཀོལ་ཡོད། འདེགས་སྒྲོམ་གྱི་མཐོ་ཚད་སྨི་53ཡོད་པ་དང་འདེགས་སྒྲོམ་གྱི་རྩེ་མོ་དང་ཟམ་པའི་གཙོ་གཞི་སྦྲེལ་ནས་ཟམ་སྒྲོམ་གྱི་བརྟན་འཇགས་རང་བཞིན་ལ་ཁག་ཐེག་བྱས་ཡོད།