སེམས་ཀྱི་ཉི་ཟླའི་སྤྱི་གླིང་ཐང་ཆེན་ཁག་ལ་ལག་བཀྲུའི་སྒྲིག་ཆས་བསྣན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

  ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཁུལ་སྤྱི་གླིང་ཐང་ཆེན་གྱི་མི་སྣ་འདུ་འཛོམས་ཆེ་བའི་ས་ཁོངས་སུ་སྟབས་བདེ་གོ་ཆོད་ཀྱི་རྣམ་པ་ལྡན་པའམ་ཡང་ན་ཨར་སྐྲུན་ཐོན་རྫས་ཆུང་གྲས་རྣམ་པའི་སྤྱི་པའི་ལག་བཀྲུའི་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་པ་རེད། སྔར་ཡོད་སྤྱི་གླིང་དང་ཐང་ཆེན་གྱི་གཙང་སྤྱོད་ཁང་གི་ལག་པ་བཀྲུ་བའི་སྒྲིག་ཆས་ལ་སྲུང་སྐྱོང་དང་དོ་དམ་བྱས་ནས་གསང་སྤྱོད་ཁང་གི་ལག་པ་བཀྲུ་བའི་སྟེགས་བུ་གཙང་ཞིང་གྲ་དག་པ་དང་། ལག་པ་བཀྲུ་བྱེད་ཀྱི་གཤེར་ཁུ་ཡོད་པ། ཤོག་བུའི་སྒམ་ཆུང་ནང་ལག་ཕྱིའི་གཙང་ཤོག་བཅས་བཞག་ནས་ཆེད་བསྐོས་མི་སྣས་དུས་བཀག་ལྟར་སྲུང་སྐྱོང་བྱེད་པའི་འགན་འཁུར་ཡོད།  

     ཤེས་རྟོགས་བྱུང་བར་གཞིགས་ན།   སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁུལ་སྤྱི་གླིང་དང་ཐང་ཆེན་དུ་གསང་སྤྱོད་ཁང་ལ་ཞོར་གཏོགས་རྣམ་པའི་ལག་བཀྲུའི་སྒྲིག་ཆས་16བཀོད་སྒྲིག་བྱས་པ་དང་ཨར་སྐྲུན་ཆུང་གྲས་རྣམ་པའི་སྤྱི་པའི་ལག་བཀྲུའི་སྒྲིག་ཆས་20གསར་སྣོན་བྱས་ཡོད།  བཟོ་སྐྲུན་ཆུང་གྲས་རྣམ་པའི་སྤྱི་པའི་ལག་བཀྲུའི་སྒྲིག་ཆས་ཁྱབ་ས་ནི་སྤྱི་གླིང་ཐང་ཆེན་དང་དེ་བཞིན་ཚོང་དོན་ཁྲོམ་གཞུང་བཅས་ཡིན།  དེའི་ནང་ལག་པ་བཀྲུ་བྱེད་ཀྱི་སྒྲིག་ཆས་18ལ་བྱིས་པ་དང་དབང་པོ་སྐྱོན་ཅན་གྱི་ཆེད་སྤྱོད་ཆུ་སྒོ་བཀོད་སྒྲིག་བྱས་ཡོད་པ་དང་། ལག་པ་བཀྲུ་སའི་སྟེགས་བུ་རེར་ཆུ་སྒོ་3རེ་བཀོད་སྒྲིག་བྱས་ཡོད། དེ་བྱིངས་ཀྱི་ལག་པ་བཀྲུ་བའི་སྒྲིག་ཆས་2རེ་ལ་སོ་སོར་ཆུ་སྒོ་2རེ་བཀོད་སྒྲིག་བྱས་ཡོད།   གསར་དུ་བཙུགས་པའི་ལག་པ་བཀྲུ་བྱེད་ཀྱི་སྒྲིག་བཀོད་ཀྱིས་ཆུ་འདྲེན་པ་དང་།ཆུ་འབུད་པ། གློག་ཤུགས་སྐུད་ལམ་འཐེན་པ་བཅས་ཟླ་9པའི་ཚེས་10ཉིན་ནས་བཟུང་ལས་འགོ་ཚུགས་པ་དང་།  ཟླ་11པའི་ཚེས་30ཉིན་བར་དུ་ལག་བཀྲུའི་སྒྲིག་བཀོད་20གསར་དུ་བསྐྲུན་ཡོད་ཅིང་ཆུ་འདྲེན་པ་དང་འབུད་པའི་ལས་དོན་ལེགས་འགྲུབ་བྱུང་ཡོད།