ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གིས་ཉི་ཤར་གྲོང་དུ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་བཟོ་ཚོགས་རྩ་འཛུགས་གཞུང་དོན་ཁང་གི་ལས་བྱེད་ལས་བཟོ་ཡོངས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོར་བསྐྱོད་དེ་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཡོད་པ་རེད། བྱེད་སྒོ་སྤེལ་སྐབས་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཞུས་ཀོང་ཏེས་གོ་བདེ་བའི་སྐད་ཆའི་ཐོག་ནས་གྲོང་མི་ཚོར་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གྱི་དམིགས་ཡུལ་དང་དོན་སྙིང་འགྲེལ་བཤད་བརྒྱབ་པ་དང་། དོན་ཚན་རེ་རེ་བཞིན་རྒྱལ་གཅེས་འཕྲོད་བསྟེན་གྱི་ཆེད་དོན་བྱ་སྤྱོད་7ལ་འགྲེལ་བཤད་བརྒྱབ་ཡོད། སྒྲོག་འགྲེལ་མཇུག་འགྲིལ་རྗེས་ཁུལ་སྲིད་གཞུང་གཞུང་ལས་ཁང་གི་ལས་བྱེད་ལས་བཟོ་ཚོས་གྲོང་མི་དང་མཉམ་དུ་གྲོང་ཚོའི་འགྲོ་ལམ་གཙང་ཕྱག་བྱས་པ་དང་འབྲེལ་གྲོང་མི་ཚོར་ལག་པ་བཀྲུ་བྱེད་དང་གཙང་ཤོག་སོགས་འཚོ་བའི་མཁོ་ཆས་ཀྱང་སྤྲད་ནས་བརྩེ་སེམས་མཚོན་པར་བྱས་ཡོད།