བོད་ལྗོངས་ཀྱིས་ཟློས་གར་ཚོགས་པ་བཙུགས་ནས་ལོ60འཁོར་བའི་ཟློས་གར་རོལ་དབྱངས་འདུ་ཚོགས་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-27   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

ཟློས་གར་རོལ་དབྱངས་འདུ་ཚོགས་ཀྱི་ཡུལ་དངོས།

        ཚེས25ཉིན་བོད་ལྗོངས་ཟློས་གར་ཚོགས་པའི་བོད་ཀྱི་ཟློས་གར་སྒྱུ་རྩལ་ལྟེ་གནས་སུ་ཅིན་ཅུས་ཟློས་གར་གྱི་གཞས་གདངས་ཡང་ཡང་གྲགས་པ་དང་། སྒྱུ་རྩལ་ལྟེ་གནས་སུ་བསྐྱོད་པ་ན་ཅིན་ཅུས་ཟློས་གར་གྱི་གྱོན་ཆས་གྱོན་པའི་འཁྲབ་སྟོན་པ་སྐོར་ཞིག་གིས་སྲོལ་རྒྱུན་གྱི་ཅིན་ཅུས་ཟློས་གར་གྱི་གཞས་གདངས་དང་འཁྲབ་སྟངས་ལ་བརྟེན་ནས་སྲོལ་རྒྱུན་གྱི་ཟློས་གར《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱེད་བཞིན་འདུག

        བོད་རང་སྐྱོང་ལྗོངས་ཟློས་གར་ཚོགས་པ་བཙུགས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུ་ཆེད། བོད་ལྗོངས་ཟློས་གར་ཚོགས་པས་ཀྲུང་གོའི་རྒྱལ་ཁབ་ཅིན་ཅུས་ཟློས་གར་ཁང་གི་འཁྲབ་སྟོན་པ་དང་ས་གནས་དེའི་ཟློས་གར་སྒྱུ་རྩལ་པ་རྣམས་མཉམ་དུ་གར་སྟེགས་སྟེང་གདན་དྲངས་ཏེ། ཁོ་ཚོ་དང་ལྷན་དུ་གནའ་བོའི་ཟློས་གར་དང་རྒྱལ་བཅུད་ཅིན་ཅུས་ཟློས་གར་གྱི་གསར་གཏོད་མཉམ་འདྲེས་ཀྱི་བརྩམས་ཆོས་མཉམ་རོལ་བྱས་པས། ཡུལ་དངོས་ཀྱི་རྣམ་པར་སྤྲོ་སེམས་ཀྱིས་རབ་ཏུ་ཁེངས་ཡོད།

ཟློས་གར་རོལ་དབྱངས་འདུ་ཚོགས་ཀྱི་ཡུལ་དངོས།

ཟློས་གར་རོལ་དབྱངས་འདུ་ཚོགས་ཀྱི་ཡུལ་དངོས།

        བོད་རང་སྐྱོང་ལྗོངས་ཟློས་གར་ཚོགས་པའི་ཚོགས་གཙོ་དཔལ་ལྡན་དབང་ཕྱུག་གིས་བཤད་རྒྱུར། ལོ་ངོ60ཡི་རིང་། བོད་ཀྱི་ཟློས་གར་ཚོགས་པས་གསར་གཏོད་དང་མཉམ་འདྲེས་ཀྱི་བྱ་ཐབས་བརྒྱུད་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ལེ་ཚན་ཡག་པོ་མང་ཚོགས་ཀྱི་སྒོ་འགྲམ་དུ་བཏང་ནས། མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། ཟློས་གར་ཚོགས་པས་ད་དུང་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་དང་། ཀྲུང་གོའི་ཟློས་གར་དུས་ཆེན། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་སོགས་རྒྱལ་ཁབ་ཕྱི་ནང་གི་བྱ་འགུལ་གལ་ཆེན་དང་འགྲན་བསྡུར་འཁྲབ་སྟོན་ཁྲོད་ཞུགས་ཏེ། བོད་ཀྱི་རིག་གནས་དྲིལ་བསྒྲགས་བྱས་པ་དང་ཟློར་གར་སྒྱུ་རྩལ་གྱི་ཁྱབ་སྤེལ་ཐབས་ལམ་རྒྱ་ཆེར་བཏང་ཟེར།

        རྒྱུས་ལོན་བྱུང་བ་ལྟར་ན། ལོ་ངོ60ཡི་རིང་། བོད་ཀྱི་ཟློས་གར་ཚོགས་པས་ལོ་རེར་ཆ་སྙོམས་ཀྱིས་རོང་འབྲོག་པ་དང་མི་རིགས་སོ་སོའི་མང་ཚོགས་ལ་ཞབས་ཞུའི་འཁྲབ་སྟོན་ཐེངས120ལྷག་སྤེལ་བ་དང་ལོ་རེར་ཆ་སྙོམས་ཀྱིས་ལམ་ཐག་སྤྱི་ལེ4000ལྷག་ལ་སླེབས་ཡོད་ཅིང་། ལོ་རེར་ཆ་སྙོམས་ཀྱིས་ལྟད་མོ་བ་མི་ཐེངས་ཁྲི20ལྷག་ལ་སླེབས། འགྲན་བསྡུར་སོ་སོའི་ཁྲོད་ཞུགས་ནས་རྒྱལ་ཁབ་རིམ་པའི་བྱ་དགའ་གལ་ཆེན50ལྷག་ཐོབ་པ་དང་། སྔ་གཞུག་ཏུ་འཇར་པན་དང་ཨ་རི་སོགས་རྒྱལ་ཁབ་དང་ས་ཁུལ30ལྷག་ལ་འཚམས་འདྲི་བྱས་ཏེ། འཁྲབ་སྟོན་ལ་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།  །