བོད་ལྗོངས་ཉིང་ཁྲིའི་ཀུ་ཤུ་ལ་ལོ་ལེགས་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-25   རྩོམ་ཁུངས།    ཞིན་ཧ་དྲ་བ།

2.jpg

ལས་མི་གཉིས་ཀྱིས་ཀུ་ཤུ་འཐོག་བཞིན་ཡོད་པ།

3.jpg

ལས་མི་ཞིག་གིས་ཀུ་ཤུ་འཐོག་བཞིན་ཡོད་པ།

4.jpg

ལས་མི་གཉིས་ཀྱིས་ཀུ་ཤུ་འདེམས་གསེས་བྱེད་པ། 

5.jpg

 ལས་མི་ཚོས་ཀུ་ཤུ་སྒམ་ནང་འཇོག་པ།

6.jpg

 འདི་ནི་བོད་རང་སྐྱོང་ལྗོངས་ཧྲེང་ཧྲི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཀུ་ཤུ་ཚད་ལྡན་ཅན་གླིང་རེད།

        ཉིན་ཤས་སྔོན་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་ཀུ་ཤུ་ལ་ལོ་ལེགས་བྱུང་ཞིང་། ས་གནས་ཞིང་འབྲོག་མང་ཚོགས་ཤིང་འབྲས་ལྡུམ་རར་ཀུ་ཤུ་འཐོག་པའི་ལས་ལ་བྲེལ། ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་གྱིས་ཀུ་ཤུའི་སྡོང་པོ་མུའུ་ཁྲི3.78ཙམ་བཙུགས་ཡོད་པས། སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཐོན་ཚད་ཏུན་ཁྲི1.5དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1.7ཟིན་རྒྱུ་རེད།

        ཉིང་ཁྲི་གྲོང་ཁྱེར་ལ“བོད་ཀྱི་འབྲི་ཆུའི་ལྷོ་རྒྱུད”ཅེས་པའི་མཚན་སྙན་ལྡན་ལ། གནས་དེ་ནི་བོད་ལྗོངས་ཀྱི་ཤིང་འབྲས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཀྱང་ཡིན། ཉེ་བའི་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ས་མཐོའི་སྣོད་བཅུད་གནམ་གཤིས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་ཀུ་ཤུའི“སྣ་ཁ་གསར་བ་དང་། ལག་རྩལ་གསར་བ། དཔེ་དབྱིབས་གསར་བ། ཞིང་ལས་ལག་རྩལ་གསར་བ”བཅས་ཐད་ལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་ཁྱབ་གདལ་བཏང་ནས་ཤིང་འབྲས་ཀྱི་སྤུས་ཚད་ཇེ་ལེགས་སུ་བཏང་པ་རེད། །