བདེ་ཆེན་གྱིས་དབུལ་སྐྱོར་མཛད་སྤྱོད་ཐད་བྱེད་ཐབས་ཡག་པོ་བཀོལ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    ད་ལོར་རིམས་ནད་ཀྱིས་དངོས་གཞིའི་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་སེལ་ཆེད་དང་། ཁེ་ལས་དང་རྒྱ་ཆེའི་ཞིང་དུད་གྱི་བྲིན་ཚོང་དཀའ་བའི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཤིང་། རང་ཁུལ་གྱི་མཐོ་ས་ནས་སྐུལ་འདེད་དང་ཐབས་མང་མཉམ་སྤྱོད་བྱས། འཛད་སྤྱོད་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་གིས་འཛད་སྤྱོད་ལ་སྐུལ་འདེད། སིལ་ཚོང་བཟའ་བཏུང་གིས་འཛད་སྤྱོད་ལ་སྐུལ་འདེད། དུས་སྟོན་འགྲེམས་སྟོན་གྱིས་འཛད་སྤྱོད་ལ་སྐུལ་འདེད། རིག་གནས་ཡུལ་སྐོར་མཉམ་འགུལ་གྱིས་འཛད་སྤྱོད་ལ་སྐུལ་འདེད། ཐོན་འཚོང་འབྲེལ་མཐུད་ཀྱིས་འཛད་སྤྱོད་ལ་སྐུལ་འདེད་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ཕྱིར་ཚོང་ཐབས་ལམ་རྒྱ་ཆེར་བཏང་བ་རེད།

    ཁུལ་ཡོངས་ཀྱི་ལས་བྱེད་ལས་བཟོ་རྒྱ་ཁྱབ་ངང་ཞུགས་པ། མིག་སྔའི་བར་ཁུལ་ཡོངས་ཀྱི་ལས་བྱེད་ལས་བཟོ་ཚོས་ཐད་ཀར་འཛད་སྤྱོད་བྱས་ནས་འབྲེལ་ཡོད་ཐོན་རྫས་ཕྱིར་ཚོང་སྒོར་ཁྲི་1910ལྷག་ཙམ་བྱ་རྒྱུར་སྐུལ་ཁྲིད་བྱས་ཡོད། དེའི་ནང་ཁུལ་ཐད་གཏོགས་སྡེ་ཚན་ཁག་ལ་སྒོར་ཁྲི་670ལྷག་ཙམ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་སྒོར་ཁྲི་300ལྷག་ཙམ་དང་། འཇོལ་རྫོང་ལ་སྒོར་ཁྲི

390ལྷག་ཙམ་དང་འབའ་ལུང་རྫོང་ལ་སྒོར་ཁྲི་530ལྷག་བཅས་ཡིན་པ་རེད།

    དྲ་ཐོག་ལས་སྟེགས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ནས་ཁེ་ལས་ཀྱི་ཕྱིར་ཚོང་ལ་རོགས་རམ་བྱེད་དགོས་པ། འབའ་ལུང་ཁྱད་ལྡན་ཞིང་ལས་དབུལ་སྐྱོར་གསར་སྤེལ་ཚད་ཡོད་ཀུང་སིས་རང་ངོས་ཀྱི་ཐབས་ལམ་བརྒྱུད། བྲིན་ཚོང་ལས་སྟེགས་ཆེ་གྲས་ཁག་དང་མཉམ་ལས་བྱས་ནས་མངགས་ཐོ་1850ལྷག་ཙམ་ཟིན་པ་དང་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་1650ལྷག་ཙམ་ཟིན་པ། ཞིང་ལས་དངུལ་ཁང་བདེ་ཆེན་ཡན་ལག་དངུལ་ཁང་གིས་བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་ཡོད། “ཞིང་ལས་དངུལ་ཁང་གི་དབུལ་སྐྱོར་ཚོང་གྲོང”བརྒྱུད་ཕྱིར་ཚོང་བྱས་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་སྒོར་ཁྲི་160ལྷག་ཙམ་ཟིན་པ། འཛུགས་སྐྲུན་དངུལ་ཁང་བདེ་ཆེན་ཡན་ལག་དངུལ་ཁང་གིས་“མཐུན་སྦྱོར་ཚོང་དོན་”ལས་སྟེགས་དང་དེ་བཞིན་དངོས་ཟོག་འཁྱེར་ནས་ཐད་གཏོང་བྱས་པ་བརྒྱུད། ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་120ལྷག་ཙམ་ཟིན་པ། བདེ་ཆེན་ཁུལ་ཚོང་དོན་ཅུས་ཀྱིས་ས་གནས་དེ་གའི་ཐོན་རྫས་དང་མཐུན་སྦྱོར་སྒྲིག་འཛུགས་བྱས་ཏེ་བདེ་ཆེན་ཀྲུང་ཧྲེ་དབྱི་ཅེ་སྟབས་བདེའི་ཚོང་ཁང་དང་ཀྲུང་གོ་རྡོ་སྣུམ་སྟབས་བདེའི་ཚོང་ཁང་དུ་བཅའ་སྡོད་བྱས་པ་རེད། རིམ་རྩིས་བྱས་ན་ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི་100ལྷག་ཙམ་ཟིན་པ། གློག་རྡུལ་ཚོང་དོན་ཁེ་ལས་ཁག་གིས་སྒྲ་དང་སྐད་འཕྲིན་བེད་སྤྱོད་གང་ལེགས་བྱས་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། འདར་སྒྲ་དང་ལག་མགྱོགས་སོགས་ཀྱི་ལས་སྟེགས་བརྒྱུད་ཉིན་ལྟར་དངོས་ཟོག་འཁྱེར་ནས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་10204.69ཟིན་ཡོད། 

    

    འཛད་སྤྱོད་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་གཅིག་སྡུད་བྲིན་ཚོང་བྱེད་པ། རང་ལྗོངས་ཀྱིས་རྫོང་གསུམ་གྱི་གྲོང་ཁྱེར་ཚང་མར་འཛད་སྤྱོད་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་བཙུགས་ཡོད། དེང་སྐབས། འཛད་སྤྱོད་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་ཁག་གིས་རིམ་རྩིས་བྱས་ན་ཁེ་ལས་ལ་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་1000ལྷག་ཙམ་ཟིན་པ་དང་རིགས་ཁག་གི་རྟོག་ཞིབ་ཚོགས་པ་དང་དེ་བཞིན་ཉོ་སྒྲུབ་ཚོང་པ་100ལྷག་ཙམ་ལ་སྣེ་ལེན་ཞུས་པ་རེད། དེའི་ནང་ཁུལ་མཁོ་ཚོང་ཁང་གིས་ཡིད་རྟོན་ཚོང་དོན་ཀུང་སིའི་འཛད་སྤྱོད་དབུལ་སྐྱོར་སྒོ་རྩིས་ཚོང་ཁང་གི་ཕྱིར་ཚོང་དངུལ་གྲངས་སྒོར་ཁྲི་600ལྷག་ཙམ་ཟིན་ཡོད་པ་རེད། 

    ཚོགས་འགྲེམས་སྤེལ་ནས་མེད་པར་བཟོ་རྒྱུར་སྐུལ་འདེད་གཏོང་བ། དེང་སྐབས། འགྲེམས་ཚོགས་ལ་སྐུལ་འདེད་གཏོང་བའི་ས་ཚིགས་དང་པོའི་བདེ་ཆེན་རྫོང་པིང་ཙི་ལེ་གྲོང་བརྡལ(ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་219)དང་། ས་ཚིགས་གཉིས་པའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ(ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་2223)ལེགས་གྲུབ་ཟིན་པ་དང་དེ་བྱིངས་ཀྱི་བབས་ཚུགས་6སྒྲུབ་བཞིན་ཡོད་པ་རེད། རང་ཁུལ་གྱིས་ད་དུང་ཐོན་སྐྱེད་ཁེ་ལས་སྒྲིག་འཛུགས་བྱས་ནས་ཧྲང་ཧའེ། ཁུན་མིང་། ཆབ་མདོ་སོགས་སུ་འགྲེམས་སྟོན་དང་བྲིན་ཚོང་ནང་ཞུགས་པ་རེད། ཕན་འབྲས་ལེགས་ཙམ་ཐོབ་ཡོད།    རིག་གནས་ཡུལ་སྐོར་དང་། སིལ་ཚོང་། ཞག་སྡོད། བཟའ་བཏུང་བཅས་མཉམ་འགུལ་གྱིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། ནོར་སྲིད་སྡེབ་སྒྲིག་དང་བཀོད་སྒྲིག་བྱས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་སྤྱོད་མ་དངུལ་བེད་སྤྱོད་བྱས། སིལ་ཚོང་དང་། བཟའ་བཏུང་། ཞག་སྡོད་ཁེ་ལས་སོགས་ལ་བྲིན་ཚོང་འགྲོ་གྲོན་གྱི་བྱེད་སྒོ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ནས་ཁུལ་དེ་ཡོངས་ཀྱི་ཐོན་སྐྱེད་ཁེ་ལས་20ལྷག་ཙམ་ལ“མཛོད་ཉར་མེད་པ་བཟོ་བ་དང་དཀའ་གནད་ལས་སྒྲོལ་བའི”དམིགས་ཚད་མངོན་འགྱུར་བྱེད་རོགས་བྱས་པ་རེད། མིག་སྔར་ཁུལ་ཡོངས་ཀྱི་ཁེ་ལས་90%ཡན་གྱི་ཐོན་རྫས་ཕུང་གསོག་ཐེབས་པའི་གནད་དོན་སྤྱིར་ན་ཞི་ལྷོད་དང་ཐག་གཅོད་ཐུབ་ཡོད།