དུས་བྱ་ཁྲི་ལྷག་ཙམ་མཛོད་དགེའི་འདམ་རར་འཛོམས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-20   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

2.jpg

3.jpg

མཛོད་དགེའི་འདམ་རའི་དུས་བྱ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཉེ་ཆར་དགུན་སྒྲོལ་དུས་བྱ་འབོར་ཆེན་ཞིག་མཛོད་དགེའི་འདམ་རར་སླེབས། མཛོད་དགེའི་འདམ་ར་ནི་རྔ་བ་ཁུལ་གྱི་འདབ་ཆགས་རིགས་སྲུང་སྐྱོང་ཁུལ་གལ་ཆེན་ཞིག་ཡིན་ལ། ལོ་རེའི་སྟོན་དུས་དང་དགུན་དུས་སུ་གནས་དེར་དུས་བྱ་གནས་སྤོའི་བགྲོད་ལམ་དང་ངལ་གསོ་བྱེད་སར་གྱུར་པ་དང་།  བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། ད་ལོར་མཛོད་དགེ་འདམ་རར་ཆུ་སྐྱར་མགོ་སྐྱ་དང་། བྱ་གག་མཆུ་དམར། རུས་གོང་བྱ་དེ། ངང་བ་མགོ་ལྗང་སོགས་ཀྱི་དུས་བྱ་ཁྲི་ཙམ་བསུས་པ་རེད། །