ཁམས་པའི་ཕོ་རྒོད་གསུམ་གྱིས་དབུལ་སྒྲོལ་ཟློས་གར་ཡག་པོ་ཞིག་འཁྲབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-19   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

གཡོན་དང་པོ་(ཆུ་ཚོད་འདོགས་མཁན)བཀྲ་ཤིས་ཉི་མ་དང་། གཡོན་གསུམ་པ་དངོས་གྲུབ། གཡོན་བཞི་པ་ཡེ་ཤེས་རྡོ་རྗེ་བཅས་ལས་མི་དང་མཉམ་དུ་བསྡད་ཡོད།

    ཤམ་བྷ་ལ་སྤྲིན་དཀྱིལ་ཁང་བཟང་ནི་སྙན་ངག་གི་ཁྱད་ཆོས་ལྡན་པའི་མིང་ཞིག་ཡིན།གྲོང་གསེབ་ནས་ཐོན་པའི་བཀྲ་ཤིས་ཉི་མ་དང་། དངོས་གྲུབ། ཡེ་ཤེས་རྡོ་རྗེ་བཅས་ཁམས་པའི་ཕོ་རྒོད་གསུམ་པོས་མཉམ་འབྲེལ་ཐོག་མ་དངུལ་སྒོར་ཁྲི་300བཏང་ནས་དེ་གར་ལས་གཏོད་ཀྱི་གཏམ་རྒྱུད་བརྩམས་ཡོད།    བཀྲ་ཤིས་ཉི་མས་“ང་ཚོ་གསུམ་པོ་གྲོང་གསེབ་ནས་ཡོང་བ་ཡིན།འཇོལ་རྫོང་གྲོང་གི་ནུབ་རྒྱུད་ཀྱི་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པའི་ས་ཆར་རི་གྲོང་བསྐྲུན་ནས་སྟར་པ་གཅིག་གི་ཁང་པ་ཟ་ཁང་བཟོས་ཡོད། ད་དུང་མི་30ལྷག་ཙམ་གྱི་རྒྱས་སྤྲོས་ལྟོ་ཕད་གཉིས་བླུགས་ནས་བོད་བཟོའི་རྒྱ་ཁོག་དང་ཚལ་སོས་པ་སྣ་ཚོགས་མཁོ་འདོན་བྱེད་ཀྱི་ཡོད། རྫིང་བུའི་ནང་དུ་ཉ་དང་ཉེ་འགྲམ་གྱི་ནགས་ཚལ་གྱིས་ར་བསྐོར་ནས་བྱ་དེ་གསོ་བཞིན་ཡོད། རྫིང་བུའི་འགྲམ་དུ་སྟེགས་བུ་བཙུགས་ནས་ཅོག་ཙེའི་སྟེང་དུ་བཞག་ན། མགྲོན་པོས་སྟེགས་བུའི་སྟེང་ནས་ཟ་མ་ཟ་བ་དང་། སྤྲོ་གསེང་གླེང་མོལ་བྱས་ཆོག རི་གྲོང་གི་རྒྱ་ཁྱོན་ཅུང་ཆེ་བའི་རྐྱེན་གྱིས་ད་དུང་མཐོང་ཡངས་མེར་བསྲེགས་པ་རེད། མགྲོན་པོ་རྣམས་ལ་སྔར་ལས་བཟང་བའི་ཞབས་ཞུ་ལོངས་སྤྱོད་བྱེད་དུ་འཇུག་ཆེད། རི་གྲོང་དུ་བོད་ལུགས་ཀྱིKTVཡོད་པ་དང་བྱིས་པའི་རོལ་རྩེད་ཁང་དང་ཆུ་རྐྱལ་རྫིང་བུ་ཡང་ཡོད།

    བསམ་ཕྱོགས་འགྱུར་ལྡོག་དང་འདུ་ཤེས་འགྱུར་ལྡོག་གཏོང་རྒྱུ་ནི་གྲོང་གསེབ་ཀྱི་མིས་བྱ་གཞག་གསར་གཏོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་གལ་ཆེན་ཞིག་རེད། དེ་སྔོན་བཀྲ་ཤིས་ཉི་མ་དང་དངོས་གྲུབ་གཉིས་ཀྱིས་ཡུལ་སྐོར་ལས་རིགས་གཉེར་མྱོང་ཡོད།རང་ཉིད་ཀྱིས་རླངས་འཁོར་ཉོས་ནས་ཡུལ་སྐོར་བར་ཞབས་འདེགས་ཞུས་པས་སློབ་འབྲིང་ནས་ཤེས་བྱ་མང་པོ་ཤེས་ནས་འདུ་ཤེས་ལ་འགྱུར་ལྡོག་བྱུང་།

    མཐོ་འབྲིང་མཐར་ཕྱིན་རྗེས་ཡེ་ཤེས་རྡོ་རྗེ་ཁྱིམ་དུ་ལོག་ནས་ཞིང་ལས་གཉེར་བ། ཁྱིམ་གྱི་དཀའ་ངལ་མཐོང་རྗེས། ཁོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཁུག་མ་ཁུར་ནས་སྒོར་བུད། དབུལ་ཕོངས་ཀྱི་འཚོ་བར་འགྱུར་ལྡོག་གཏོང་རྒྱུའི་སེམས་ཐག་བཅད། ཁོས་ཨར་འདམ་བཟོ་གྲྭར་ཞོར་ལས་གཉེར་ནས་རང་ཉིད་ཀྱིས་ཨར་འདམ་འཚོང་གི་ཡོད། རྗེས་སུ་བཀྲ་ཤིས་ཉི་མ་དང་དངོས་གྲུབ་དང་མཉམ་དུ་ལས་གཏོད་བྱས།

    ད་ལྟ། ཁོང་ཚོའི་སྤྲིན་དཀྱིལ་ཁང་བཟང་དང་འཁྲབ་སྟོན་ཚོམས་ཆེན་ལ་གཞི་ཁྱོན་ངེས་ཅན་ཞིག་ཡོད་པ་དང་ལས་མི་བརྒྱ་ཙམ་ཡོད། ཉེ་ཆར་ཁོང་ཚོ་སླར་ཡང་འབའ་ལུང་རྫོང་ཡེ་ཀྲི་གྲོང་རྡལ་དུ་འཁྲབ་སྟོན་ཚོམས་ཆེན་གྲབས་འཛུགས་བྱས་ནས་ལས་འགོ་འཛུགས་གྲབས་ཡོད་པ་རེད།