རིམས་ནད་དང་རིམས་འགོག་སྨན་གྱི་ཐད་ཀྲུང་ནན་ཧྲན་ནས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-18   རྩོམ་ཁུངས།    ཀྲུང་གོ་བོད་སྐད་རླུང་འཕྲིན།CNR

    སྤྱི་ཟླ་11པའི་ཚེས་16ཉིན། སྤྱི་ལོ་2020ལོའི་ཀོན་ཀྲོའུ་རྒྱལ་སྤྱིའི་སྐྱེ་དངོས་གླེང་སྟེགས་ཀོང་ཀྲོའུ་རྒྱལ་སྤྱིའི་སྐྱེ་དངོས་གླིང་ཕྲན་དུ་འཚོགས་པ་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་འགོ་ཚུགས་མཛད་སྒོའི་ཐོག་བརྗོད་དོན་གཙོ་བོའི་གསུང་བཤད་གནང་ནས་མིག་སྔའི་རིམས་ནད་གནས་ཚུལ་ལ་བརྡར་ཤ་གསར་ཤོས་བཅད་གནང་ཡོད།

ཀྲུང་གོའི་རིམས་འགོག་ལ་རྒྱལ་ཁ་ཐོབ་དོན་ནི་ཚེ་སྲོག་གོང་དུ་བཀུར་བའི་མཛུབ་སྟོན་དགོངས་པར་བརྟེན་པས་ཡིན།

    ཀྲུང་ནན་ཧྲན་གྱིས། ཀྲུང་གོར་ཞི་བདེའི་ཁོར་ཡུག་འདི་ལྟ་བུ་ཞིག་ཡོད། བྱེད་སྒོ་ཁག་རྒྱུན་ལྡན་ངང་སྤེལ་ཐུབ་པ་ཡང་ལས་སླ་མོ་ཞིག་མིན། ཀྲུང་གོའི་ལེགས་གྲུབ་ལྡན་པའི་རིམས་འགོག་ནི་ཚེ་སྲོག་གོང་དུ་བཀུར་བའི་མཛུབ་སྟོན་དགོངས་པ་དང་དེ་བཞིན་སྡེ་ཁུལ་མང་ཚོགས་ཀྱི་མཉམ་འགོག་མཉམ་འཛིན་ལ་བརྟེན་པས་ཡིན། དེ་དང་ཆབས་ཅིག་སྨན་བཅོས་དང་ཚན་ཞིབ་གཉིས་དམ་དུ་འབྲེལ་བས་ད་གཟོད་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཐད་མདུན་དུ་བསྐྱོད་ཐུབ་ཡོད་ཅེས་བསྟན་འདུག

ཧུའེ་རུའེ་ཡིས་འགོས་ཁྱབ་འགྲོ་ཚད་90%བཀག་འགོག་ཐུབ།

    ཀྲུང་གོའི་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་གྱི་ཆུ་ཚད་ཐད། ཀྲུང་ནན་ཧྲན་གྱི་གཟིགས་ཚུལ་ལྟར་ན། ཏོག་གསར་གློ་ཚད་རིམས་ནད་ཀྱི་གནད་དོན་མང་པོ་ཞིག་ད་དུང་ཡང་ཐག་གཅོད་ཐུབ་མེད། མིག་སྔར་འཛམ་གླིང་གིས་ཏོག་གསར་གློ་ཚད་རིམས་ནད་འབྱུང་ཚུལ་གྱི་ཆོས་ཉིད་གསལ་པོ་རྟོགས་མེད་ཅིང་། འབྱུང་ཁུངས་རིགས་འདེད་ཐུབ་མེད། སྨན་བཅོས་ཐད་ལའང་དམིགས་སའི་རང་བཞིན་ལྡན་པ་མ་ཟད་ནུས་པ་ཆེ་བའི་སྨན་རྫས་ཤིག་མེད་ཅེས་གསུངས།

    རིམས་འགོག་སྨན་ཞིབ་བཟོའི་ཐད། ཀྲུང་ནན་ཧྲན་གྱིས། ཕྱི་རྒྱལ་གྱི་ཧུའེ་རུའེ་རིམས་འགོག་སྨན་གྱིས་འགོས་ཁྱབ་འགྲོ་ཚད་90%བཀག་འགོག་ཐུབ་པ་དང་། ཀོང་ཏུང་དང་ཐ་ན་ཀྲུང་གོའི་རིམས་འགོག་སྨན་གྱི་ཞིབ་བཟོའི་ཆུ་ཚད་སྤྱིར་འདྲ་མཚུངས་ཡིན་མོད། འོན་ཀྱང་དུས་མཚམས་དང་པོའི་ཞིབ་འཇུག་མཇུག་འབྲས་ཐོན་རྗེས་ད་གཟོད་ཁྱབ་བསྒྲགས་བྱེད་ཐུབ་ཅེས་གསུངས། ཀྲུང་ནན་ཧྲན་གྱིས། མ་འོངས་པར་སྐྱེ་དངོས་སྨན་རྫས་ཁྱབ་ཁོངས་ནང་། རྨང་གཞིའི་ཞིབ་འཇུག་དང་། ནད་ཐོག་ཞིབ་འཇུག ཐོན་ལས་ཅན་བཅས་སྔར་བས་དམ་དུ་འབྲེལ་ནས། ལམ་སྲོལ་ཅུང་ལེགས་པོ་ཞིག་ཆགས་པའིརེ་བ་ཡོད་ཅེས་གསུངས་པ་རེད།