རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སྟོན་དགུན་གཉིས་ཀྱི་བར་མཚམས་འདིར། སེམས་ཀྱི་ཉི་ཟླ་ནས་སྐད་ཚགས་དང་། ལང་ཏུའུ་བར་གྱི་ལམ་ཐིག་བརྒྱུད་དེ་ས་དེ་གའི་སྟོན་དགུན་མཉམ་འདྲེས་ཀྱི་ལྟད་མོར་ལྟོས་དང་།
སྔོ་ལྗང་གི་རི་བོ་བརྒལ་ནས། ལྷོད་འཇགས་ཀྱི་འབྲོག་རུ་བརྒྱུད་ནས། ཀྱག་ཀྱོག་གི་རི་ལམ་བསྐོར་ནས། རི་བོ་མཐོན་པོའི་མཚེའུ་ཡི་ལྷིང་འཇགས་ཚོར་ཐུབ་པར་བྱེད།
རི་རླུང་གིས་ནགས་ཚལ་བརྟོལ་ནས།ལམ་ནང་གི་ས་རྡུལ་ཕྱོགས་ཕྱོགས་སུ་སྤྲད། འདི་ནི་ཁྲོམ་གཞུང་འཁྲུག་པོ་དང་འབྲེལ་བ་མེད་པའི་འཇིག་རྟེན་ཞིག་དང་འདྲ་བར། ང་ཚོའི་ཐང་ཆད་པའི་ལུས་པོ་ལ་ངལ་གསོ་ཐེངས་ཤིག་གནང་ཐུབ།