རིམས་འགོག་ནུས་པ་ཞན་པའི་རྟགས་མཚན་འགའ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-17   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

    གཤམ་གསལ་གྱི་རྟགས་མཚན་དྲུག་ལས་རིམས་འགོག་ནུས་པ་ཇེ་ཞན་དུ་སོང་བ་མཚོན་པས།རྟགས་མཚན་དེ་རིགས་ཡོད་པའི་མིས་རིམས་འགོག་ནུས་པ་ཇེ་མཐོར་གཏོང་བར་བསམ་བློ་གཏོང་དགོས།

    དང་པོ་མངར་ཟས་ལ་དགའ་བ་སྟེ། ཀ་ར་ཁེ100བསྡུ་ལེན་བྱས་ཚེ་ཕྲ་ཕུང་དཀར་པོའི་སྲིད་འཇོམས་ནུས་པ་ཆུ་ཚོད5ཙམ་ལ་ཇེ་ཞན་དུ་འགྱུར་ངེས། གཉིས་པ་ཆུ་འཐུང་བར་མི་དགའ་བ་སྟེ། འཚོ་བའི་ཁྲོད་དུ་མི་རྣམས་ཀྱི་ཆུ་འཐུང་ཚད་མི་འདྲ་ཡང་། གཅིན་གྱི་ཁ་དོག་ཅུང་སེར་པོ་ཡིན་དགོས། གསུམ་པ་ཚིལ་མང་བ་སྟེ། ལུས་པོ་རྒྱགས་ཆེ་ན་སྙིང་དང་ཀླད་པ་སོགས་དབང་བོར་གནོད་པ་ཡོད་ལ།དུས་མཚུངས་སུ་སྐུལ་རྒྱུའི་ཟགས་ཐོན་འཁྲུག་པར་བྱས་ཏེ་རིམས་འགོག་མ་ལག་གི་ནུས་པར་གནོད་པ་བཟོ་ངེས། བཞི་པ་སྣ་ཁུང་སྐམ་པ་སྟེ། སྣ་ཁུང་སྐམ་པའི་ཚེ་ན་ནད་སྲིན་འགོ་བར་གོ་སྐབས་བསྐྲུན་པ་ཡིན། ལྔ་བ་ལས་བྲེལ་ཆེ་བ་སྟེ།ཡུན་རིང་བོར་གནོན་ཤུགས་ཆེ་ཚེ་རིམས་འགོག་མ་ལག་གི་ཚོར་ཤེས་ཇེ་ཞན་དུ་འགྲོ་སྲིད། དྲུག་པ་ཆམ་པ་འབྱུང་རྒྱུ་མང་བ་སྟེ། ཆམ་པ་འབྱུང་རྒྱུ་ཇེ་མང་དུ་འགྲོ་བ་དང་ཡང་ན་ཆམ་ནད་ཀྱི་ཡུན་རིང་བ་ནི་རིམས་འགོག་ནུས་པ་ཞན་པའི་རྟགས་ཡིན་པས། བཟང་བཏུང་དང་གཉིད་དང་འགུལ་སྐྱོད་སོགས་ཀྱི་སྤྱོད་ལམ་ལེགས་བཅོས་བྱ་དགོས།