རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་འཕྲིན། རྒྱལ་པོ་སྟེང་གྲོང་ཚོའི་ཀེ་ལི་ཀྲུའོ་གྲོང་མི་ཚོགས་ཆུང་དུ་གནས་པའི་བདེ་ཆེན་སེམས་ཀྱི་ཉི་ཟླ་ཅིན་ཁོ་སྐྱེ་དངོས་ཐོན་ཁུངས་གསར་སྤེལ་ཚད་ཡོད་ཀུང་སིར་ 2011ལོ་ནས་བཟུང་གུར་གུམ་ཚོད་འདེབས་བྱེད་འགོ་ཚུགས། ལོ་8ལྷག་ཙམ་རིང་འདེབས་འཛུགས་བྱས་པ་བརྒྱུད་འདེབས་འཛུགས་ལག་རྩལ་རྒྱུན་ཆད་མེད་པར་གནད་སྨིན་འཐུས་ཚང་བྱུང་ཡོད། ཡོང་འབབ་ཀྱང་ལོ་རེ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད་པས། འཐུས་སྒོ་ཚང་བའི་འདེབས་འཛུགས་ལག་རྩལ་ཕྱོགས་བསྡོམས་བྱས་པ་ལས་གཞན། ད་དུང་བྱང་ཆ་ལྡན་པའི་འདེབས་འཛུགས་ལག་རྩལ་པ་འབོར་ཐེངས་ཞིག་གསོ་སྐྱོང་བྱས། ལོ་འཁོར་མོར་ཏང་ཡོན་དུད་ཚང་དང་། དུད་ཚང་དབུལ་པོ། ཞིང་དུད་དཀྱུས་མ་བཅས་ཀྱི་གུར་གུམ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད་རྗེས་མཐུད་ཁྱབ་གདལ་དང་གུར་གུམ་འདེབས་འཛུགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། མིག་སྔའི་བར་ཀུང་སིའི་གུར་གུམ་འདེབས་ཁྱོན་མུའུ་150ལྷག་ཙམ་བར་མང་དུ་ཕྱིན་ཡོད།
ཉིན་འདི་དག་ནི་གུར་གུམ་གྱི་མེ་ཏོག་བཞད་པའི་དུས་ཡིན། འབའ་ལུང་རྫོང་གི་རྒྱལ་པོ་སྟེང་གྲོང་ཚོའི་ཀེ་ལི་ཀྲུའོ་གྲོང་ཚོའི་གྲོང་མི་ཚོགས་ཆུང་དུ་གུར་གུམ་འདེབས་མཁན་ཞིང་པ་ཚོས་མེ་ཏོག་འཐོག་བཞིན་འདུག
ཉེ་བའི་ལོ་ཤས་རིང་འབའ་ལུང་རྫོང་གིས་ཡུལ་བབ་དང་བསྟུན་པ་དང་གྲོང་ཚོ་དང་བསྟུན་ནས་སྲིད་ཇུས་ལག་བསྟར་བྱས་ཏེ་ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་བྱས་པ་དང་། མཐའ་ཆུ་གྲོང་རྡལ་གྱི་རྒྱལ་པོ་སྟེང་གྲོང་ཚོ་དང་འབའ་བྲོས་གྲོང་ཚོར་གུར་གུམ་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་བཏང་བ་དང་། མང་ཚོགས་རྒྱུན་མཐུད་དང་བརྟན་པོའི་ངང་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་ཡོད།
སེམས་ཀྱི་ཉི་ཟླ་དབྱང་ཁོ་སྐྱེ་དངོས་གསར་སྤེལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཧོ་ཧྲོའུ་ཞང་གིས“མིག་སྔར། འདེབས་འཛུགས་བྱས་པའི་ཞིང་དུད་80ཟིན་པ་དང་དུད་ཚང་རེར་མུའུ་རེའི་འདེབས་འཛུགས་ཡོང་འབབ་གཞི་རྩའི་ཆ་ནས་སྒོར་ཁྲི་1.5ཡན་ཟིན་ཡོད། མ་འོངས་པའི་ལོ་ལྔའི་ནང་ང་ཚོས་མུའུ་1000ལ་ཁྱབ་གདལ་གཏོང་རྩིས་ཡོད། དེ་ནས་ཞིབ་འཇུག་གསར་སྤེལ་རབ་དང་རིམ་པའི་ཐོན་རྫས་དང་། ཞིང་དུད་དེ་བས་མང་བ་དེའི་ཁྲོད་ནས་ཡོང་འབབ་ཧ་ཅང་ཡག་པོ་ཐོབ།
“ད་ལོ། ང་ཚོ་རྒྱལ་པོ་སྟེང་གྲོང་ཚོའི་གུར་གུམ་ཡུན་ནན་ཞིང་ཆེན་གྱི་སྨན་སྣ་གྲགས་ཅན་བཅུའི་དཔྱད་བསྡུར་ནང་ཞུགས་ནས་ཨང་དྲུག་པ་ཐོབ་པ་དེ་ཡུན་ནན་ཞིང་ཆེན་གྱི་སྨན་སྣ་གྲགས་ཅན་བཅུའི་གྲས་ཤིག་ཏུ་གྱུར་ཡོད། རྒྱལ་པོ་སྟེང་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་ཀྲའོ་ཕུའུ་ཧྭ་ཡིས་དེ་ལྟར་བཤད་པ་རེད།