ཨ་མྱེས་ཨ་བཀྲ་ཚང་གི་སྡོད་གནས་ཁོར་ཡུག་ཡག་པོ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    འདི་ལོ་ལོ་71ལ་སླེབས་པའི་ཨ་མྱེས་ཨ་བཀྲ་ནི་འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ་ཨ་གདོང་གྲོང་ཚོའི་སྐམ་ཞིང་ཚོགས་ཆུང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཞིག་རེད། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ཚང་མ་དང་མཉམ་དུ་དབུལ་སྐྱོར་གྱི་ཤར་རླུང་ལ་བསྡད་ཡོད། རིམ་ཁག་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་ཐོབ་པ་དང་འཚོ་བའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད།

    ཨ་གདོང་གྲོང་ཚོ་ནི་སྲོལ་རྒྱུན་གྱི་བོད་རིགས་གྲོང་ཚོར་གཏོགས། སྡེ་མི་རྣམས་ཀྱི་བོད་ཁང་ནི་སྟེང་འོག་གཉིས་སུ་བགོས་ཡོད་པ་དང་། གོང་རིམ་ནི་འཚོ་བའི་འགྲོ་འདུག་བྱེད་ས་ཡིན། འོག་རིམ་གྱིས་སྒོ་ཕྱུགས་སྐོར་གསོ་བྱས། ལོ་འཁོར་མོར་མི་ཕྱུགས་ཀྱི་དབྱེ་བ་མི་འབྱེད་པའི་སྡོད་གནས་ཁོར་ཡུག་གིས་མི་སྡོད་ཁོར་ཡུག་དང་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད།

    དབུལ་སྐྱོར་གནད་འཕིགས་དང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་དང་ཟུང་འབྲེལ་བྱས་ཡོད། ཧྲེང་ཕིང་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ཡོན་ལྷན་ཁང་གསུམ”གྱི་ལས་བྱེད་པ་དུད་ཚང་དུ་བསྐྱོད་དེ་བསམ་བློའི་སྐུལ་སློང་བྱས་པ་རེད། ཨ་མྱེས་ཨ་བཀྲ་ཚང་ལ་ཁང་པ་སྒྱུར་བཀོད་དང་མཛེས་བཟོ་བྱེད་རོགས་བྱས་ནས་མི་ཕྱུགས་ལོགས་སུ་དབྱེ་ཐུབ་པ་བྱུང་ཡོད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིས་དེ་སྔ་དུད་ཚང་དུ་བསྐྱོད་དེ་ཨ་མྱེས་ཨ་བཀྲ་ཚང་དུ་བསྐྱོད་ཡོད། ཁང་བའི་ནང་དུ་འགྲོ་སྐབས་ཕྱུགས་ཚང་གི་ཕྱུགས་ར་བརྒྱུད་དགོས་ལ། ཁང་བ་ཧྲིལ་བོར་ཕྱུགས་ཟོག་གི་གཅིན་སྐྱག་གི་དྲི་མས་ཁེངས་འདུག་རང་དབང་མེད་པ།

    ད་ཆ་ཨ་མྱེས་ཨ་བཀྲ་ཡི་ཁྱིམ་གཙང་ལ་གྲལ་འགྲིག་པ་དང་འཚོ་བའི་ཁོར་ཡུག་ལེགས་སུ་ཕྱིན་ཡོད། ཨ་མྱེས་ཨ་བཀྲ་ཡིས“ཏང་ཨུ་དང་སྲིད་གཞུང་གི་རོགས་རམ་ལ་ཐུགས་རྗེ་ཆེ་ཞུ་བ་དང་། གནད་སྨིན་དབུལ་སྐྱོར་བྱས་ཚུན་ངའི་ཁྱིམ་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་ད་ཆ་མི་ཕྱུགས་ལོགས་དབྱེ་མངོན་འགྱུར་བྱུང་ཡོད། ཁྱིམ་དུ་གཙང་སྦྲ་ཡག་པོ་བྱེད་དགོས། ཁང་པ་གཙང་མ་གཙང་རྐྱང་དང་། སྡོད་ས་སྐྱིད་པོ། རྗེས་ཕྱོགས་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་སོང་བ་རེད།

    གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་ནི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གཞི་རྩའི་བླང་བྱའང་ཡིན། འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ་ཨ་གདོང་གྲོང་ཚོས་དབུལ་སྐྱོར་གནད་འཕིགས་ལས་དོན་དང་ཟུང་འབྲེལ་བྱས་ཡོད་དེ།ཡུལ་བབ་དང་བསྟུན་ནས་མི་ཕྱུགས་ལོགས་འབྱེད་ཀྱི་འདུ་འགོད་ལག་ལེན་བསྟར་བ། གྲོང་མི་རྣམས་ལ་“གནམ་དྭངས་དུས་དྲི་ངན་གྱིས་ཁེངས། ཆར་པ་འབབ་དུས་བཙོག་ཆུ་གང་སར་རྒྱུ་བའི་”འཚོ་བའི་ཁོར་ཡུག་དང་ཁ་བྲལ་དུ་བཅུག མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པ་མཉམ་སྐྲུན་བྱ་དགོས།