རང་བྱུང་གི་ཚོན་མདོག་བརྙན་པར་ནང་འགོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-13   རྩོམ་ཁུངས།    མི་དམངས་དྲ་བ།

    ཉེ་ཆར། ཏ་ཁོག་འཁྱགས་ཀླུང་མཛེས་ལྗོངས་གྲགས་ཅན་ཁུལ་དོ་དམ་ཅུས་ཀྱིས་500PX“རང་བྱུང་གི་འོད་སྣང”ཞེས་པའི་པར་ལེན་ཚོ་པ་དང་མཉམ་དུ་སྤེལ་བའི“རང་བྱུང་གི་བཀྲག་མདངས་ཏེ་རང་བྱུང་གི་ཚོན་མདོག་བརྙན་པར་དུ་འགོད་པའི”པར་ལེན་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
     ཏ་ཁོག་འཁྱགས་ཀླུང་ནི་རྩོམ་པ་པོ་གྲགས་ཅན་ཨ་ལའེ་ཡི་སྨྱུག་འོག་གི“ཐག་ཉེ་ཤོས་ཀྱི་ཐག་རིང”ཡིན་པ་དང་། རྔ་པ་ཁུལ་གྱི་ཡུལ་སྐོར་སྤུས་རྟགས“ཆེན་པོ་དགུའི”གྲས་ཤིག་ཡིན་པ་མ་ཟད། གྲོང་ཁྱེར་དང་ཐག་ཉེ་ཤོས་ཀྱི་འཁྱགས་ཀླུང་ཡང་ཡིན། གོ་ལ་ཧྲིལ་པོའི་ས་བབ་དམའ་ཤོས་དང་། རྒྱ་ཁྱོན་ཆེ་ཤོས། ལོ་ན་ཆུང་ཤོས་བཅས་ཀྱི་ལོ་དུང་ཕྱུར་ཅན་གྱི་འཁྱགས་ཀླུང་ཡིན་པའི་ངོས་ནས། རང་ངོས་ཀྱི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས“འཁྱགས་ཀླུང་པའི”འབད་བརྩོན་འོག་དྲ་རྒྱ་ཐོག་སྐད་གྲགས་ཆོད་པས། ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བའི་ཡིད་དབང་འགུག་བཞིན་ཡོད།
     ཐུན་མོང་མ་ཡིན་པའི་གནམ་གཤིས་ཀྱི་ཆ་རྐྱེན་དང་། ས་གཤིས་ཀྱི་ཁྱད་ཆོས། ལོ་རྒྱུས་རིག་གནས་བཅས་ཀྱི་དབང་གིས། ཏ་ཁོག་འཁྱགས་ཀླུང་ནི་འཁྱགས་ཀླུང་གངས་རི་དང་། ཚོན་ལྡན་ནགས་རི། རྡོ་དམར་པོ། མཚེའུ། སྤང་ཐང་། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་། བོད་རིགས་དམངས་སྲོལ་རིག་གནས། གསར་བརྗེའི་རིག་གནས་བཅས་གཞི་གཅིག་ཏུ་འདུས་པའི་མཉམ་འདུས་རྣམ་པའི་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་ཡོད། ལྟ་སྐོར་སྤྲོ་གསེང་དང་། ལུས་གསོ་སྤྲོ་གསེང་། ཚ་གཡོལ་བསིལ་སྡོད། འཁྱགས་རོམ་རྩེད་འཇོ། ཡུལ་ཕྱིའི་མྱུལ་དཔྱད། ཚན་རིག་ཁྱབ་གདལ་དང་ཞིབ་འཇུག་སློབ་སྦྱོང་བཅས་ཀྱི་དམིགས་ཡུལ་སྤུས་ལེགས་ཤིག་ཀྱང་རེད།
     ཉེ་བའི་ལོ་ཤས་རིང་། ཏ་ཁོག་འཁྱགས་ཀླུང་མཛེས་ལྗོངས་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་ནས་ཁོར་ཡུག་སྲུང་སྐྱོང་དང་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་རྒྱུན་འཁྱོངས་བྱས་ཡོད། 2019ལོའི་ཟླ་12པར། ཏ་ཁོག་འཁྱགས་ཀླུང་མཛེས་ལྗོངས་ཁུལ་སི་ཁྲོན་གནམ་གཤིས་སྤྱི་གླིང་ཚོད་ལྟའི་འཛུགས་སྐྲུན་ཚན་པ་ཐོག་མ་ཡིན་པའི་ངོས་ནས་སྒོ་བྱང་སྤྲད་པ་རེད། 2020ལོའི་ཟླ་4པར། ཏ་ཁོག་འཁྱགས་ཀླུང་དོ་དམ་ཅུས་ཀྱིས་ཕྱི་རོལ་གྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4353ལྷག་ཙམ་ཡོད་སར་བཞག་པའི་དམར་ཕྱིའི་པར་ཆས་ཀྱིས་དུས་ཡུན་སྐར་ཆ་15ཡོད་པའི་གསའ་ཡིས་འཆམ་འཆམ་བྱེད་པའི་བརྙན་དུམ་བུ་ཞིག་དང་འདྲ་པར་བཅུ་གྲངས་ལེན་ཐུབ་ཡོད། འདི་ནི་ཏ་ཁོག་འཁྱགས་ཀླུང་མཛེས་ལྗོངས་ཁུལ་གྱིས་རི་ཐང་དུ་གསའ་ཡི་བརྙན་ཐོག་མར་བཟུང་བ་དེ་རེད། ལོ་དེའི་ཟླ་7པར། ཏ་ཁོག་འཁྱགས་ཀླུང་འབྲེང་ལམ་བབས་ཚུགས་གོང་མའི་ཡུལ་སྐོར་བ་འབབ་སར་མཛེས་ལྗོངས་ཁུལ་གྱི་ལྟ་འཛིན་ཆས་ཀྱིས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཏེ་གནའ་བ་མང་པོ་པར་ལེན་ཐུབ་ཡོད། “གྲོགས་པོ་རྙིང་པ”གནའ་བ་ནི་ཏ་ཁོག་འཁྱགས་ཀླུང་དུ་ཐོན་ཐེངས་དང་པོ་མིན། དེའི་རྗེས་ཀྱི་ཟླ་8པར། ཀྲུང་གོ་ཚན་རིག་ཁང་ཚན་རིག་ཚོགས་པས་ཏ་ཁོག་འཁྱགས་ཀླུང་ཐོག་གཞི་ཁྱོན་ཆེ་བའི་ཡུལ་ཕྱིའི་ཚོད་ལྟ་བྱས་ནས་སྨི་ངོས་གྲུ་500ཟིན་པའི་འཁྱགས་རོམ་ལ་“ཉལ་ཐུལ་”རིམ་པ་ཞིག་བཀབ་ཡོད། དམིགས་བསལ་རྒྱུ་ཆས་ཁེབས་པའི་འཁྱགས་ཀླུང་ཞུ་བའི་མྱུར་ཚད་དང་ཞུ་ཚད་མངོན་གསལ་གྱིས་ཇེ་ཞན་དུ་སོང་ཡོད།
     ཡུལ་སྐོར་བའི་ཁྲོམ་རར་དེ་བས་མང་བ་དང་། དེ་བས་སྣ་མང་། དེ་བས་རང་བྱུང་། དེ་བས་སྤྲོ་སྣང་ལྡན་པའི་ཏ་ཁོག་འཁྱགས་ཀླུང་མཐོང་ཐུབ་འཇུག་ཆེད། ད་ལོའི་ཟླ་11ཚེས་11ཉིན་ནས་ཟླ་12ཚེས་23ཉིན་བར་ཏ་ཁོག་འཁྱགས་ཀླུང་མཛེས་ལྗོངས་གྲགས་ཅན་ཁུལ་དོ་དམ་ཅུས་ཀྱིས་500PX“རང་བྱུང་གི་འོད་སྣང”ཞེས་པའི་པར་ལེན་ཚོ་པ་དང་མཉམ་དུ་སྤེལ་བའི“རང་བྱུང་གི་བཀྲག་མདངས་ཏེ་རང་བྱུང་གི་ཚོན་མདོག་བརྙན་པར་དུ་འགོད་པའི”པར་ལེན་བྱེད་སྒོ་500PXརུ་དངོས་སུ་སྤེལ་འགོ་ཚུགས་པ་རེད། ཡུལ་སྐོར་བས་ཏ་ཁོག་འཁྱགས་ཀླུང་མཛེས་ལྗོངས་ཁུལ་གྱི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་པར་རིས་དང་ཆེས་མཛེས་སྡུག་ལྡན་པའི་རང་བྱུང་གི་ཚོན་མདོག་མཚོན་ཐུབ་པ་དང་། དེ་བཞིན་སྟོན་མཇུག་གི་རང་བྱུང་ཁམས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་འཚོལ་ཞིབ་བྱེད་པའི་བརྩམས་ཆོས་དག་བྱེད་སྒོའི་ཤོག་ངོས་སུ་སྤེལ་ནས་རང་བྱུང་ཁམས་ཀྱི་མཛེས་ལྗོངས་མཉམ་སྤྱོད་བྱེད་ཆོག་པ་རེད།