མཚོ་སྔོན་ནས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5000ཡན་གྱི་གནའ་བོའི་བྲག་བརྐོས་རི་མོ་རྙེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-12   རྩོམ་ཁུངས།    མི་དམངས་དྲ་བ།

    ཟླ་11ཚེས་10ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་སྲིད་གཞུང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། ཡུལ་དེའི་འབྲོག་པས་ཁྲི་འདུ་རྫོང་སྡོམ་མདའ་གྲོང་རྡལ་དར་དམར་གྲོང་སྡེ་ནས་གནའ་བོའི་བྲག་བརྐོས་རི་མོ་ཞིག་རྙེད་ཡོད་པ་དང་། དེ་ནི་སྡོམ་མདའ་གྲོང་རྡལ་བ་ཡན་ཧ་རིའི་རི་རྒྱུད། རྒྱ་མཚོའི་ངོས་ལས་ཆ་སྙོམས་ས་བབས་མཐོ་ཚད་སྨི་5000ཡན་གྱི་རྫ་ཆུའི་ཆུ་འགོ་ནས་གནའ་བོའི་བྲག་བརྐོས་རི་མོ་རྙེད་ཐེངས་གཉིས་པ་རེད། ཐེངས་འདིར་མཚོ་སྔོན་བྲག་བརྐོས་རི་མོ་ཞིབ་འཇུག་ཁྱབ་ཁོངས་ཀྱི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་ཆེས་མཐོ་བའི་ཟིན་ཐོ་བཀོད་པ་རེད། 

   བྲག་བརྐོས་རི་མོ་ནི་གདོད་མའི་རྡོ་བརྐོས་སྒྱུ་རྩལ་ཡིན་པ་དང་། དེ་ནི་བྲག་ཕུག་དང་བྲག་ངོས་སུ་ཚོན་བྲིས་དང་། རི་མོ་བརྐོ་བ། འབུར་བརྐོས་བཅས་ཀྱི་སྤྱི་མིང་རེད། བྲག་བརྐོས་རི་མོ་ནི་མིའི་རིགས་ཤེས་རིག་གི་སྔ་དུས་ཀྱི་ཐོན་དངོས་ཡིན་པ་དང་། གདོད་མའི་ཚོ་པའི་རིག་གནས་ཀྱི་ཤུལ་ལུས་ཤིག་དང་། ཡི་གེ་མ་བྱུང་གོང་གདོད་མའི་མིའི་རིགས་ཀྱིས་བཞག་པའི་རྩ་ཆེའི་ལོ་རྒྱུས་ཀྱི་དཔྱད་གཞི་ཞིག་རེད། 
   ཤེས་རྟོགས་བྱུང་བར་གཞིགས་ན། རྫ་ཆུའི་འགོ་ཁུངས་ཀྱི་བྲག་བརྐོས་ཀྱི་བཟོ་སྐྲུན་ཐབས་ཤེས་དང་རི་མོ་བཟོ་སྟངས་ཀྱི་ཉམས་འགྱུར་ནི་འབྲི་ཆུའི་འབབ་ཁོངས་ཀྱི་བྲག་བརྐོས་ཚོགས་པ་དང་གཏན་ནས་མི་འདྲ་བས། གནའ་རྫས་རྟོག་ཞིབ་རིག་པའི་རིག་གནས་རྒྱུ་རྐྱེན་དང་ཁོར་ཡུག་གི་རྒྱུ་རྐྱེན་ཟུང་འབྲེལ་སྒོས་བྲག་བརྐོས་རི་མོའི་ངོ་བོ་དང་རིག་གནས་ཁྱད་ཆོས་ལ་ལྟ་ཞིབ་དང་། དེ་ལ་བརྟེན་ནས་རིམ་བཞིན་གཙང་གསུམ་ཆུ་འགོའི་ཡུལ་ཤུལ་ས་ཁུལ་གྱི་བྲག་བརྐོས་ཀྱི་ཡོངས་ཁུངས་གསལ་འབྱེད་བྱེད་དགོས་པ་རེད།