དགུན་མགོའི་ནགས་ཕག་མཚོའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        དགུན་མགོའི་ནགས་ཕག་མཚོ་ནི་ཚོན་མདངས་སྣ་ལྔའི་འཇིག་རྟེན་ཞིག་ཏུ་གྲུབ་ཡོད་ལ། ཞོགས་པའི་ཉི་ཟེར་དེ་ཉེ་འགྲམ་གྱི་བོད་ཁང་རེ་རེའི་ཐོག་ཕོག་པ་ན།ཉི་འོད་ཀྱི་དྲོད་ཁོལ་ཁྲོད་ན་ནགས་ཕག་མཚོ་ལ་སྔར་ལས་སྐྱེ་སྟོབས་ཀྱི་དཔལ་བསྩལ་འདུག སྐྱ་རེངས་ཀྱིས་སད་པའི་བྱིའུ་ཁྱུ་འཚོལ་སྙེག་གི་ལམ་ལ་ཆས་ལ།སྒེག་ལྡན་མ་ཡང་ཞོགས་ཇ་སྐོལ་བའི་ལམ་ལ་ཆས་པས།བོད་ཁང་ནས་དུ་བ་ལང་ལོང་ཏུ་འཕྱུར་ཞིང་། གནས་འདི་ཁྱོད་ཀྱིས་བརྗེད་མི་རུང་བའི་མཛེས་ལྗོངས་ཤིག་གྲུབ་འདུག