བདེ་ཆེན་ཁུལ་གྱིས་རིག་རྩལ་འཁྲབ་སྟོན་དུད་ཚང་ཁྲི་སྟོང་བསྐྱོད་པའི་དམངས་ཕན་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

  

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་11པའི་ཚེས་6ཉིན་གྱི་དགོང་མོ། བདེ་ཆེན་ཁུལ་གྱི་རིག་རྩལ་འཁྲབ་སྟོན་དུད་ཚང་ཁྲི་སྟོང་མང་པོར་བསྐྱོད་པའི་དམངས་ཕན་བྱེད་སྒོའི་འགོ་ཚུགས་མཛད་སྒོ་དེ་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ཆེ་མོ་ནས་སྤེལ་བ་དང་། བྱེད་སྒོའི་ཐོག་ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་རིང་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་མཁན་ཡུལ་སྐོར་ལས་དོན་ཁང་ལ་བྱ་དགའ་དང་ཁ་གསབ་སྤྲད་པ་རེད།

 

    ཐེངས་འདིའི་བྱེད་སྒོ་ནི་བདེ་ཆེན་ཁུལ་ཨུ་དང་། ཁུལ་སྲིད་གཞུང་། ཁུལ་རིག་གནས་ཡུལ་སྐོར་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་ཁུལ་མི་རིགས་གླུ་གར་ཚོགས་པས་གཉེར་འགན་འཁུར་བ་རེད།རྒྱུས་ལོན་བྱུང་བ་ལྟར་ན།2019ལོའི་ཟླ་12པའི་ཚེས་1ཉིན་ནས་ཚེས་30ཉིན་བར་དང་། 2020ལོའི་ཟླ་7པའི་ཚེས་14ཉིན་ནས་ཟླ་9པའི་ཚེས་14ཉིན་བར། རང་ཁུལ་གྱིས་ཡུལ་སྐོར་ཚོགས་པ་མི1500ཡན་ལ་སྣེ་ལེན་བྱས་པའི་ཡུལ་སྐོར་ལས་དོན་ཁང་ལ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་པ་རེད། ཐེངས་འདིའི་བྱེད་སྒོའི་ནང་དེའི་རིང་ཡུལ་སྐོར་བ་1500ཡན་ལ་སྣེ་ལེན་ཞུས་པའི་ཡུལ་སྐོར་ལས་དོན་ཁང་ལ་བྱ་དགའ་སྤྲད་པ་དང་། བྱ་དགའ་སྤྲད་ཚར་རྗེས། རིག་རྩལ་འཁྲབ་སྟོན་དེ་ཞབས་བྲོ《གཅིག་ཀྱང་ཆད་མི་རུང》ཞེས་པ་ནས་འཁྲབ་སྟོན་འགོ་ཚུགས་པ་དང་།ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ཚོས་སྙན་འཇེབས་ལྡན་པའི་གླུ་དབྱངས་དང་གར་གྱི་སྟངས་སྟབས་ཀྱིས་མེས་རྒྱལ་ལ་བསྟོད་བསྔགས་དང་། ཏང་དང་དཔའ་བོར་བསྟོད་བསྔགས། ཕ་ཡུལ་དང་ བདེ་སྐྱིད་ཀྱི་འཚོ་བར་བསྟོད་བསྔགས་བཅས་བྱས་ནས། ཡུལ་དངོས་ཀྱི་ལྟད་མོ་བར་ངོ་མཚར་ཆེ་བའི་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ནས་གང་ས་གང་དུ་དགའ་སྤྲོའི་རྣམ་པས་ཁེངས་འདུག། འཁྲབ་སྟོན་དེ་རིམས་ནད་སྔོན་འགོག་གི་གླུ་གར་དང་། གཞས་མ་གཏམ། སྙན་ངག་གྱེར་འདོན་སོགས་ལེ་ཚན་སྣ་ཚོགས་དང་ཟུང་འབྲེལ་བྱས་ནས། འཐབ་ས་དང་པོའི་དཔའ་བོ་ལ་བསྟོད་གླུ་འབུལ་བ་དང་། རིམས་ནད་འགོག་པའི་དཔའ་བོའི་ཚོགས་པའི་གཟུགས་བརྙན་དང་སྙིང་སྟོབས་སྤྱི་ཡོངས་ནས་འབུར་དུ་ཐོན་པར་བྱས་ཏེ།དྲང་ནུས་ཁྱབ་སྤེལ་བྱས་ནས་རིམས་ནད་འགོག་པའི་དཔའ་བོ་ལ་གུས་འདུད་ཞུས་པ་དང་།རིམས་ནད་འགོག་པའི་སྙིང་སྟོབས་དར་སྤེལ་བཏང་ནས་སྤྱིར་བཏང་གི་རླབས་ཆེན་ལ་བསྔགས་བརྗོད་བྱས་པ་རེད།

    ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱིས་རིག་རྩལ་འཁྲབ་སྟོན་དུད་ཚང་ཁྲི་སྟོང་མང་པོར་ཁྱབ་གདལ་བཏང་བའི་དམངས་ཕན་འཁྲབ་སྟོན་གྱི་བླང་བྱ་ལྟར།མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་མང་ཚོགས་ཀྱི་ཁྲོད་དུ་དྲིལ་བསྒྲགས་བྱས་ནས།མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ་དང་།སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་བསྒྲགས་བྱས་ནས།རིག་གནས་དམངས་སྐྱོང་དང་རིག་གནས་དམངས་ཕན།རིག་གནས་དམངས་ཕྱུག་གི་ཐོག་མའི་བསམ་འདུན་ལག་བསྟར་གང་ལེགས་བྱས་པ་རེད།