བོད་ལ་རྡོ་རིང་ནང་མ་དང་རྡོ་རིང་ཕྱི་མ་ཟེར་བ་གཉིས་ཡོད་པ་འདི་རེད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-09   རྩོམ་ཁུངས།    ཁམས་པའི་དྲ་བ།

        རྡོ་རིང་ནང་མ་ཟེར་བ་ནི་དེ་སྔའི་བོད་ས་གནས་གཞུང་གི་སྡེ་སྲིད་མི་ཐོག་ལྔ་པ་སངས་རྒྱས་རྒྱ་མཚོས་པོ་ཏ་ལའི་ཕོ་བྲང་དམར་པོ་འཛུགས་སྐུན་བྱས་ནས་ཡོངས་རྫོགས་གྲུབ་པའི་དྲན་གསོའི་ཆེད་དུ་པོ་ཏ་ལའི་མདུན་གྱི་རི་ལྡེབས་སུ་བཞེངས་པའི་རྡོ་རིང་ཞིག་སྟེ། འདིའི་ངོས་སུ་ཡི་གེ་གང་ཡང་མེད།

     རྡོ་རིང་ཕྱི་མ་ཟེར་བའི་རྡོ་རིང་དེ་ནི་ལྷ་ས་རྩེ་པོ་ཏ་ལའི་མདུན་དུ་བཙུགས་ཤིང་། ད་དུང་རྩེ་པོ་ཏ་ལའི་རྡོ་སྐས་ཀྱི་གཤམ་དུ་རྡོ་རིང་གཞན་ཞིག་སྟེ་རྡོ་རིང་ནང་མར་ལྟོས་ནས་་མིང་དེ་ལྟར་ཆགས། རྡོ་རིང་དེའི་རྩེ་མོར་རྡོའི་ཆར་ཁེབས་ཏོག་བཅས་ཡོད་ལ་ངོས་གསུམ་ལ་བོད་ཡིག་བཀོད་ཡོད་པ་ལས་བྱང་ངོས་རང་སྟོང་པ་ཡིན། རྡོ་རིང་དེ་ནི་བོད་དུ་ད་བར་མཐོང་བའི་རྡོ་རོང་ནང་གི་སྔ་ཤོས་ཡིན་ཞིང་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རང་ཉིད་ཀྱི་ནང་བློན་ཆེན་པོ་སྟག་སྒྲ་ཀླུ་ཁོང་གི་བྱས་རྗེས་ལ་གཟེངས་བསྟོད་དང་ཞལ་བཞེས་བཀའ་གཙིགས་གནང་དོན་རྡོ་རིང་ཐོག་བཀོད་པ་ཞིག་ཡིན། རྡོ་རིང་གི་ནང་དོན་ལ་བརྟགས་ན་བོད་ཀྱིས་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་བླངས་པའི་ལོ་སྟེ། སྤྱི་ལོ༧༦༣ལོའི་མཇུག་ཙམ་ལ་བཙུགས་པར་མངོན།