ཡོན་རྒྱལ་རབས་དུས་ཀྱི་ཞ་ལུ་དགོན་པའི་རྒྱ་བོད་སྒྱུ་རྩལ་བཤམས་སྟོན་པེ་ཅིང་དུ་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-09   རྩོམ་ཁུངས།    མི་དམངས་དྲ་བ།

 

        ཟླ་11པའི་ཚེས་6ཉིན་གྱི་སྔ་དྲོ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་གོའི་བོད་ཀྱི་རིག་གནས་སྲུང་སྐྱོང་འཕེལ་རྒྱས་མཐུན་ཚོགས། བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་བཅས་ཀྱིས་གཙོ་གཉེར་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་ལྗོངས་རིག་གནས་རྟེན་རྫས་བཤམས་མཛོད་ཁང་གིས་རོགས་གཉེར་བྱེད་པའི་ཡོན་རྒྱལ་རབས་དུས་ཀྱི་ཞ་ལུ་དགོན་པའི་རྒྱ་བོད་སྒྱུ་རྩལ་བཤམས་སྟོན”བོད་ལྗོངས་རྟེན་རྫས་བཤམས་སྟོན་ཁང་དུ་གཟབ་རྒྱས་ངང་བཤམས་སྟོན་བྱས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཁྲེན་ཙང་རོང་དང་། སྤྱི་ཁྱབ་ལས་འཛིན་དགྲ་འདུལ། སྤྱི་ཁྱབ་ལས་འཛིན་གཞོན་པ་ཧྭ་ཡོན་ལུང་། ལན་ཞང་མིང་། ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་འཕེལ་རྒྱས་མཐུན་ཚོགས། བོད་རང་སྐྱོང་ལྗོངས་རིག་གནས་སྲུང་སྐྱོང་ཁང་། ཞ་ལུ་དགོན་པའི་འཐུས་ཚབ། དེ་བཞིན་དུ་རྟེན་རྫས་བཤམས་མཛོད་གི་དང་བླངས་པ་དང་གཟིགས་མོ་བ་བརྒྱ་ལྷག་འགོ་ཚུགས་མཛད་སྒོར་ཞུགས་ཤིང་། དགྲ་འདུལ་གྱིས་གཙོ་གཉེར་ཕྱོགས་ཀྱི་ཚབ་ཞུས་ནས་གསུང་བཤད་གནང་།
        དགྲ་འདུལ་གྱིས། <<ཡོན་རྒྱལ་རབས་ཀྱི་ཞ་ལུ་དགོན་པའི་རྒྱ་བོད་སྒྱུ་རྩལ་བཤམས་སྟོན>>ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུན་སྟོན་གཙོ་བོའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། བོད་ལྗོངས་ཀྱིས་གནའ་ནས་བཟུང་མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས་བྱེད་པའི་ལོ་རྒྱུས་དངོས་གཏིང་ཟབ་པའི་བསྔོག་འདོན་དང་། ཕྱོགས་བསྒྲིགས། དྲིལ་བསྒྲགས་བྱས་དེ། མི་རིགས་ཁག་གི་མང་ཚོགས་ལ་མི་རིགས་ཀྱི་མ་འོངས་པའི་འགྲོ་ཕྱོགས་ལ་སྣེ་ཁྲིད་དང་། ཀྲུང་ཧྭ་མི་རིགས་ནི་ལས་དབང་གཅིག་མཐུན་ཚོགས་པ་ཡིན་པ་དང་། གོམ་གང་མདུན་སྤོས་ངང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་འདུ་ཤེས་སྲ་བརྟན་གཏོང་བའི་བྱེད་ཐབས་ཡིན་གསུངས།
        ཐེངས་འདིའི་བཤམས་སྟོན་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཚན་ཞིབ་གྲུབ་འབྲས་སྒྱུར་ཐབས་ཀྱི་ཚོད་ལྟ་ཞིག་ཡིན་པ་དང་། བཤམས་སྟོན་ནི་རིག་དངོས་དང་། དཔེ་དབྱིབས། པར་རིས་དང་བརྙན་ལམ་སོགས་དེང་རབས་ཀྱི་ཐབས་ཤེས་བརྒྱུད་ནས། ཡོན་རྒྱལ་རབས་དུས་ཀྱི་ཞ་ལུ་དགོན་པའི་ལོ་རྒྱས་དང་། འཛུགས་སྐྲུན། སྒྱུ་རྩལ་རྣམ་པ་མངོན་པ་བྱས་ནས། ཕྱོགས་མང་པོའི་ཐད་ནས་མི་རྣམས་ལ་ཡོན་རྒྱལ་རབས་དུས་ཀྱི་ཀྲུང་དབྱང་གིས་བོད་ལྗོངས་ལ་ཕན་ནུས་ལྡན་པའི་སྲིད་འཛིན་དོ་དམ་བྱས་པའི་ལོ་རྒྱུས་དངོས་མངོན་པ་བྱེད་པ་དང་། ཡོན་རྒྱལ་རབས་དུས་ཀྱི་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་ཁག་བར་འགྲོ་འོང་གི་ལོ་རྒྱུས་རྒྱབ་ལྗོངས་འོག རྒྱ་བོད་མི་རིགས་ཀྱི་འཛུགས་སྐྲུན་དང་རི་མོ་སྒྱུ་རྩལ་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་འདྲེས་བཅས་མངོན་པ་བྱས་ཡོད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བཤམས་སྟོན་འདི་ནི་ཟླ་11པའི་ཚེས་30བར་སྤེལ་རྒྱུ་རེད།