རྒྱལ་ཐང་ཅིན་ལུང་སྡེ་ཁུལ་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཅིན་ལུང་སྡེ་ཁུལ་ནི་བོད་རིགས་ཀྱིས་གཙོར་བྱས་པའི་འཇང་རིགས་དང་། དབྱིས་རིགས། རྒྱ་རིགས་སོགས་མི་རིགས་མང་པོ་གཅིག་སྡུད་ཐོག་འདུས་སྡོད་བྱེད་པའི་སྡེ་ཁུལ་ཞིག་རེད། ཅིན་ལུང་སྡེ་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་དེ་སྡེ་ཁུལ་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་རྒྱ་ཁྱབ་ཏུ་སྤེལ་བ་དང་།  སྡེ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་མགྱོགས་སུ་བཏང་ནས་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད།

     མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྟབས་བདེ་ཡོང་ཆེད་སྡེ་ཁུལ་གྱི་ཕྱོགས་བསྡུས་ཐོག་ཁང་དང་ལག་རྩེད་སྤོ་ལོ་རྒྱག་ས་སོགས་རིམ་སྤོར་སྒྱུར་བཀོད་བྱས་ཡོད་ལ། སྡེ་ཁུལ་གྱི་ཕྱོགས་བསྡུས་ཐོག་ཁང་ནང་སྡེ་ཁུལ་ཕྱོགས་བསྡུས་གཞུང་ལས་ཁང་དང་། ཏང་ཀྲི་པུའུ་ཡི་བྱེད་སྒོ་ཁང་། ཡིག་རིས་ཁང་། ཞིང་དུད་དཔེ་ཁང་སོགས་ཚུད་ཡོད། རིག་གནས་རོལ་རྩེད་ཀྱི་སྒྲིག་བཀོད་སྣ་ཚོགས་ཆ་ཚང་པོ་ཡོད་པས་ཅིན་ལུང་སྡེ་ཁུལ་དུ་འཚོ་བ་སྐྱེལ་མཁན་མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་སྤེལ་རེས་བྱེད་པའི་སྟེགས་བུ་ཞིག་ཏུ་གྱུར་ཡོད།


      སྡེ་ཁུལ་དུ་སྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་། ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པ། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པ་སོགས་ཀྱི་སྦྱར་ཡིག་ཡོད་པ་དེ་རེད། སྡེ་ཁུལ་LEDཡི་བརྙན་ཤེལ་ཆེན་པོའི་ཐོག་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ཡོད་བརྙན་ལམ་བསྟན་པ་དང་། དཔེ་གཟིགས་ཁང་ནང་དུ་གནའ་དུས་དང་། འབད་འཐབ། མཛེས་སྡུག ཤེས་དཔལ། ཞི་མཐུན། མཐུན་སྒྲིལ། འཆམ་མཐུན་བཅས་ཀྱི་བརྗོད་བྱ་གཙོ་བོ་བདུན་གཞིར་བཟུང་། ཅིན་ལུང་སྡེ་ཁུལ་གྱི་ཕྱོགས་ཁག་གི་འཕེལ་རྒྱས་གྲུབ་འབྲས་མངོན་པར་བྱས་ཡོད། དཔེ་གཟིགས་ཁང་ནང་དུ་དཔེ་དེབ་དང་ཚགས་པར་དུས་དེབ་བཞག་ཡོད་པས་གྲོང་མིས་དཔེ་ཀློག་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་བྱས་ནས་རིག་གནས་ཀྱི་བྱང་ཚད་མཐོ་རུ་བཏང་ཡོད། 

     ལོ་རེར་སྡེ་ཁུལ་གྱིས་ད་དུང་རྟ་རྒྱུག་དུས་ཆེན་དང་བོད་ཀྱི་ལོ་གསར་སོགས་སྲོལ་རྒྱུན་དུས་ཆེན་གྱི་བྱེད་སྒོ་སྤེལ་ནས་ཏང་གི་མི་རིགས་སྲིད་ཇུས་དྲིལ་བསྒྲགས་བྱས་ཡོད། འདྲ་མཉམ་དང་།   མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བའི་དར་སྲོལ་གསར་པ་བཏོད་ནས་མི་རིགས་ཁག་དབར་སྤེལ་རེས་དང་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་རིགས་ཁག་མཐུན་སྒྲིལ་ལ་སྐུལ་འདེད་བཏང་ཡོད།

     ཅིན་ལུང་སྡེ་ཁུལ་ལ་སྔ་རྗེས་སུ་ཡུན་ནན་ཞིང་ཨུའི་སྔོན་ཐོན་ཏང་རྩ་འཛུགས་དང་། ཡུན་ནན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་ཁུལ། ཡུན་ནན་ཞིང་ཆེན་གྱི་ཤེས་དཔལ་སྡེ་ཁུལ།   བདེ་ཆེན་ཁུལ་ཨུའི་སྲིད་གཙང་རིག་གནས་དཔེ་སྟོན་ས་ཚིགས་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།