བདེ་ཆེན་ཁུལ་གྱི་མི་སྣ63ལ་ཏང་སྲིད་ཆད་གཅོད་བྱས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཟླ་10པའི་ཚེས་29ཉིན་ནག་ཚོགས་གཙང་སེལ་ཉིན་60ཡི་འགག་སྒྲོལ་དམག་འཐབ་ཕྱོགས་སྡོམ་དང་སྐུལ་འདེད་ཐེངས་གསུམ་པའི་ཚོགས་འདུ་འཚོགས་པ་རེད།ཁུལ་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ནག་ཚོགས་གཙང་སེལ་གྱི་འགག་སྒྲོལ་དམག་འཐབ་ཉིན་60བརྒྱབ་པས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

       ཟླ་9པའི་ཚེས་30ཉིན་བར། ཁུལ་ཡོངས་ཀྱིས་མཐིལ་རྟོགས་བྱས་པའི་ཁུངས་སྣེ་ཁྱོན་བསྡོམས་1759ཡོད་པ་དང་འདིའི་ཁྲོད་ཁུངས་སྣེ1758ཞིབ་བཤེར་ལེགས་གྲུབ་བྱུང་ཡོད། དུས་བཀག་ཐིམ་རྗེས་མཇུག་སྒྲིལ་བའི་ཁུངས་སྣེ་དེ་ཟླ་6པ་ནས་བཟུང་ཟླ་བ་4བསྟུད་མར་100%གཙང་བཤེར་བྱས་པ་རེད། རྫོང་(གྲོང་ཁྱེར་)ཁག་གི་ཁུངས་སྣེར་ཞིབ་བཤེར་བྱ་རྒྱུར་ཁྱོན་ཡོངས་ནས་ཞིབ་བཤེར་བྱས་པ་རེད། ཁྱོན་བསྡོམས་ཁུངས་སྣེ་1573ལ་ཞིབ་བཤེར་བྱས་པ་དང་། གཙོ་གནད་ཁུངས་སྣེ་485ཟུར་བཤེར་བྱས་པས།གཞི་རིམ་ཁུངས་སྣེ་ཞིབ་བཤེར་དང་དོ་དམ་ཁྲོད་གནས་པའི་གནད་དོན་ཤེས་རྟོགས་བྱུང་བ་མ་ཟད་ཡོ་བསྲང་ཡང་བྱས་ཡོད།

       ནག་ཚོགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་4ཚང་མ་ཟླ་7པའི་ཟླ་མཇུག་ཏུ་འདྲི་གཅོད་ཐེངས་དང་པོ་བྱས་པ་དང་།ཁུལ་རིམ་པའི་བདག་སྐྱོང་བྱེད་ཁོངས་སུ་གོང་གཏུག་ཞུས་པའི་གྱོད་གཞི་3ཚང་མ་ཟླ་9པའི་ཚེས་25ཉིན་གྱི་གོང་དུ་འདྲི་གཅོད་གཉིས་པའི་འདྲི་གཅོད་མཇུག་སྒྲིལ་བ་རེད།ཁྲིམས་བཀོད་དུས་ཚད་ལས་ཟླ་བ་གཅིག་གི་སྔོན་ལ་ལེགས་འགྲུབ་བྱུང་ཡོད།

       ཁུལ་ཡོངས་ཀྱིས་ཞིབ་བཤེར་ཐག་གཅོད་བྱས་པའི་ནག་ཚོགས་གཙང་སེལ་དང་འབྲེལ་བ་ཡོད་པའི་འགེབས་སྲུང་གི་གྱོད་གཞི་12དང་མི་19ནས་45བར་མང་དུ་ཕྱིན་ཡོད། ཞིབ་བཤེར་ཐག་གཅོད་བྱས་པའི་ནག་ཚོགས་གཙང་སེལ་དང་འབྲེལ་བ་ཡོད་པའི་རུལ་སུངས་ཀྱི་གནད་དོན་དེ་མི་6ནས་མི་10བར་མང་དུ་ཕྱིན་ཡོད། ཏང་སྲིད་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པའི་མི་གྲངས་35ནས་63བར་འཕར་ཡོད། རྩིས་བཤེར་དཔྱད་དཔོག་ནན་པོ་བྱས་ཏེ། སྒོ་རྒྱ་ཐེལ་གནོན་དང་བཀག་འཇོགབཙན་ཉར་བཅས་བྱས་པའི་གྱོད་འབྲེལ་མ་རྩ་ཁྲི་3894.62ནས་སྒོར་ཁྲི་14362.41བར་འཕར་ཡོད།    

     གོམ་སྟབས་རྗེས་མར་རང་ཁུལ་གྱིས་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས། ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་མཐའ་འཁྱོལ་བ་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་སྔར་བས་ཆེ་རུ་བཏང་སྟེ་ལས་ཀའི་གྲུབ་འབྲས་དངོས་ཀྱི་ཐོག་ནས་འདུ་ཤེས་བཞི་དང་སྲུང་སྐྱོང་གཉིས་མཚོན་པར་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་རིམ་ཁག་འགོ་ཁྲིད་ཚོགས་ཆུང་དང་གཞུང་ལས་ཁང་གི་འགན་ནུས་འདོན་སྤེལ་ཡག་པོ་བྱས་ཏེ་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུ་རེད།

         བོད་འབྲེལ་གྲོང་ཁྱེར་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་མཐའ་མཚམས་མི་རིགས་ས་ཁུལ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་ཟུར་ཚད་ཐོག་ནས་ལས་དོན་ཇུས་འགོད་བྱེད་དགོས་པ་དང་།    རྩེ་རིམ་ཇུས་འགོད་དང་གཞི་རིམ་གྱི་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། ལམ་ལུགས་དང་ལམ་སྲོལ་ལ་བརྟེན་ནས་ནག་ཚོགས་གཙང་སེལ་གྱི་ཆེད་དོན་འཐབ་རྩོད་རྒྱུན་རྣམ་ཅན་དུ་འགྱུར་རྒྱུ་འགན་ལེན་ལེགས་པོ་བྱས་ནས་ནག་ཚོགས་གཙང་སེལ་གྱི་འགག་སྒྲོལ་དམག་འཐབ་ཉིན་60ལེགས་འགྲུབ་ངང་མཇུག་བསྡུའི་འགན་ལེན་བྱས་ཡོད།