སེམས་ཀྱི་ཉི་ཟླའི་སྟོན་ལྗོངས་མཛེས་ཤིང་ལྟ་ན་སྡུག

རྩོམ་པ་པོ།   ཡུས་ཧྥུའུ་ཆོན། ཧོ་ཅན་ཡུན།  ཡིག་བསྒྱུར།       དུས་ཚོད།   2020-11-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ནམ་ཟླ་སྟོན་དུ་སླེབས་པ་ལ།   ཁྱད་མཚར་བའི་རང་བྱུང་ཁམས་ནི་དུས་ཀྱི་འགྱུར་བ་དང་བསྟུན་ནས་ཚོན་མདོག་སྣ་ལྔའི་གྲུབ་པའི་མཛེས་སྡུག་གི་ཞིང་ཁམས་ཤིག་ཏུ་གྲུབ་ཅིང་། བསིལ་རླུང་འཇམ་པོ་དལ་བུར་ལྡང་བ་ན།  སྡོང་ལོ་རྣམས་ནི་ཐ་ཐོར་དུ་འཕུར་ཞིང་རྩེན་ནས་ས་འཛིན་ཨ་མའི་པང་ལ་གསེར་མདོག་གི་གོས་ཀྱིས་བརྒྱན་པ་དང་མཚུངས་ལ།  རིའི་འདབས་དང་གཙང་བོའི་འགྲམ་ན་གསོན་ཉམས་ལྡན་པའི་སྟོན་གྱི་རྣམ་པ་རི་མོའི་གཟུགས་སུ་འགོད་མཁན་གྱི་སྒྱུ་རྩལ་བ་ཡང་བྲེལ་བའི་ལས་ལ་ཞུགས། 






      ལྟོས་དང་།  དྭངས་གཙང་ཀླུ་ཆུའི་འགྲམ་ན་ཞོགས་པའི་སྨུག་པ་ལང་ལོང་དུ་ལྡང་བ་དང་རེས་གསལ་རེས་མོག་གི་སྨུག་སྤྲིན་ཁྲོད་ན་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་ལུས་རྩལ་བ་དེ་ཚོ་སྐྱིད་ཨང་། ལ་ལས་སྡོང་ནང་དུ་ཆུ་འདྲེན་པ་དང་ལ་ལས་ཆུ་ངོས་གཙང་སེལ་བྱེད་པའི་ངལ་རྩོལ་གྱི་རྣམ་པ་དེ་ཡང་ཤིན་ཏུ་བསྔགས་པ་འོས་ཤིང་། ཆུ་ལ་གཡེང་བའི་བྱ་རིགས་རྣམས་ནི་བག་ཕེངས་ཀྱིས་འཚོ་ཞིང་གནས།  ཡང་བྱ་རྒྱལ་ཁྱུང་ཆེན་ཞིག་གིས་རབ་ཡངས་གཤོག་པ་འཕྲེད་དུ་བརྐྱངས་འདྲའི་རྫོང་པ་ནགས་ལྕོག་རི་བོ་ན་སྟོན་གྱི་མཛེས་ཉམས་རོལ་བའི་ཡུལ་མི་ཟམ་མ་ཆད་པར་ཕར་བསྐྱོད་ཚུར་བསྐྱོད་བྱེད་ཅིང་། སྟོན་གྱི་མཚར་ཉམས་རིང་མོར་བསྟོད་པའི་དབྱངས་སྙན་གྱེར། རེད་ཡ། སྟོན་གྱི་མཛེས་ཉམས་ཀྱིས་མི་རྣམས་ལ་བརྗོད་དཀའ་བའི་སེམས་འགྱུར་རེ་རེ་སྦྱིན་གྱི་ཡོད་པ་རེད་ཨང་།