རྒྱལ་ཁབ་རྟེན་མཛོད་ཁང་གི་འགྲེམས་སྟོན་གསར་པ་ཞིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-29   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན་དྲ་བ།

        



        ཟླ་10ཚེས་25ཉིན། “རྨ་ཆུའི་ཤར་གྱི་ཉི་འོད། ཧྲན་ཞིའི་ཅུའུ་ཝུའུ་ཐུའུ་ཡི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་འགྲེམས་སྟོན”ཚེས་25ཉིན་ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་དུ་མང་ཚོགས་ལ་འགྲེམས་སྟོན་བྱས་པ་རེད། འདི་ནི་ཅུའུ་ཝུའུ་ཐུའུ་རྗེས་ཤུལ་ནས་བསྔོགས་པའི་རིག་དངོས་ཐེངས་དང་པོར་གཞི་རྒྱ་ཆེན་པོའི་སྒོ་ནས་མང་ཚོགས་ལ་འགྲེམས་སྟོན་བྱས་པ་རེད།

        ཅུའུ་ཝུའུ་ཐུའུ་རྗེས་ཤུལ་ནི་ཧྲང་རྒྱལ་རབས་དུས་མཇུག་གི་རྗེས་ཤུལ་གལ་ཆེན་ཞིག་རེད། ཟངས་ཆས་དང་རྫ་ཆས། གཡང་ཊའི་ཡོ་ཆས། རིས་ཆས་སོགས་རྩ་ཆེ་བའི་རིག་དངོས་བརྒྱ་ལྷག་ཡོད་ཅིང་། དེའི་ཁྲོད་དུ་དུར་ལམ་ཡོད་པའི་ “甲”ཡིག་རྣམ་པའི་བང་སོ་ཆེན་པོ་ 5 ནི་དུར་ཁྲོད་ལས་སྲོལ་དང་དུར་འཇུག་གོམས་སྲོལ། ཡོ་ཆས་སྒྲིག་སྟངས། རྒྱན་རིས་སྤྲོས་སྟངས་སོགས་ཀྱི་ཐད་ཧྲང་སྐབས་ཀྱི་རིག་གནས་འཕེལ་འགྱུར་གོ་རིམ་དང་འདྲ་བའི་ངོ་བོ་ལྡན་ཞིང་། ཧྲང་རྒྱལ་རབས་ཀྱི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་གལ་ཆེན་ཐེངས་ཤིག་རེད། 

        ཐེངས་འདིའི་འགྲེམས་སྟོན་ལ་ཕྱིར་བསྔོགས་པའི་རིག་དངོས་170ལེགས་འདེམས་བྱས་པ་བརྒྱུད། རྒྱལ་ཁབ་རྟེན་རྫས་བཤམས་མཛོད་ཁང་གི་ཞི་ཝུའུ་པི་རྗེས་ཤུལ་ནས་ཐོན་པའི་རིག་དངོས་དང་མཉམ་དུ་ཐུན་མོང་ངང་བརྗོད་དོན་གཙོ་བོ་བཞི་གྲུབ་ཡོད་ཅིང་། ཅུའུ་ཝུའུ་ཐུའུ་རྗེས་ཤུལ་གྱི་གནའ་རྗས་རྟོག་ཞིབ་གྲུབ་འབྲས་ཅུང་ཆ་ཚང་བར་འགྲེམས་སྟོན་བྱས་ཡོད། 

འགྲེམས་སྟོན་ནི་ཀྲུང་གོ་རྒྱལ་ཁབ་རྟེན་རྫས་བཤམས་སྟོན་ཁང་དང་ཧྲན་ཞི་ཞིང་ཆེན་རིག་དངོས་ཅུས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། འགྲེམས་སྟོན་ཡུལ་དངོས་སུ་དུར་ཁང་གི་རྣམ་པ་རྩ་གསུམ་ལམ་ནས་འགྲེམས་སྟོན་དང་། གནའ་རྫས་རྟོག་ཞིབ་ཡུལ་དངོས་ཀྱི་པར་རིས་དང་གནའ་རྫས་རྟོག་ཞིབ་བསྔོགས་འདོན་གྱི་ཆེད་དོན་བརྙན་སོགས་ཀྱི་རྣམ་པ་ལ་བརྟེན་ནས། གཟིགས་མོ་བ་ཚོ་ལ་ཅུའུ་ཝུའུ་ཐུའུ་རྗེས་ཤུལ་གྱི་གནའ་རྫས་རྟོག་ཞིབ་ལས་དོན་གྱི་ཚན་རིག་དང་མཐུན་ཞིང་རྙོག་འཛིང་ཆེ་བ་གོ་རིམ་དེ་འགྲེམས་སྟོན་བྱས་ཡོད།