མཆིན་པས་ང་ཚོར་སྐད་འདི་འདྲ་ཞིག་བསྐུར་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-29   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན་དྲ་བ།

        ངའི་མིང་ལ་མཆིན་པ་ཟེར་གྱི་ཡོད། རྣམ་ཀུན་ང་སྐད་ཆ་ཤོད་རྒྱུར་དགའ་པོ་མེད།  འོན་ཀྱང་། ནམ་ཞིག་ངས་ཁྱེད་ལ་ན་ཟུག་དང་བཅས་པའི་བརྡ་གཏོང་སྐབས། ཕལ་ཆེར་ང་ཚོ་ཁ་འབྲལ་ལ་ཉེ་བའི་དུས་སུ་སླེབས་ཡོད།                 —— མཆིན་པ།

        ཁྱེད་ཀྱིས་ཤེས་སམ། ངས་སྐར་མ་3ནང་ཁྱེད་ཀྱི་ཟུངས་ཁྲག་ཡོངས་ལ་དྭངས་སིང་རེ་བྱས་ནས་ཉིན་རེར་དྭངས་སིང་ཐེངས་480དང་། ལོ་རེར་དྭངས་སིང་ཐེངས་175200བྱེད་ཀྱི་ཡོད། མ་གཞི་ངས་ཁྱེད་ལ་དུག་སེལ་བྱེད་གང་ཐུབ་བྱེད་ཀྱི་ཡོད། འོན་ཀྱང་། ཁྱེད་ཀྱིས་མཚན་མོའི་ཆུ་ཚོད་12ཙམ་ལ་སླེབས་ཀྱང་མ་ཉལ་བ་དང་། ནམ་ཞག་རྒྱུན་དུ་ཆང་རག་བཏུངས་པ། དོན་མེད་ཁོང་ཁྲོ་ཟ་བ། ད་དུང་ཤ་རྡོག་འཚོས་ཚད་མེད་བཟས་ཏེ་ཟས་སྤྱོད་ལ་དོ་སྣང་རྩ་བ་ནས་མི་བྱེད་པའི་ཁར། ངའི་ཤ་རྩི་ནག་པོ་ཆགས་བཞག ཕོ་བ་བདེ་པོ་མི་འདུག་ཅེས་འཁང་ར་རྐྱང་རྐྱང་བྱེད་ཀྱི་འདུག

        སྦྱིན་བདག་ལགས། ཁྱེད་ཀྱིས་རྟག་ཏུ་མིག་ལ་གཅེས་སྤྲས་བྱེད་པ་བཞིན་ང་ལའང་རྣམ་ཀུན་ནས་གཅེས་སྤྲས་བྱ་རྒྱུ་མ་མཉེས་པ་གནང་རོགས།