པདྨ་རི་བོའི་སྟོན་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་ཆར། སྟོན་མཇུག་གི་པདྨ་རི་བོས་གསེར་མདོག་གི་སྟོན་ལྭ་བརྗེས་ཤིང་། རི་མགོའི་ཁ་བ་ནི་བག་ཚ་བའི་བུ་མོ་ཆུང་ཆུང་ཞིག་གིས་སེང་རས་དཀར་པོ་ཞིག་ཁོ་མོའི་དཀར་ལ་དམར་མདངས་ལྡན་པའི་བཞིན་རས་དེ་ཡིབས་ཡོད་པ་དང་གཉིས་སུ་མེད།  སྔོ་ཞིང་བའི་ནམ་མཁའ་དང་དཀར་ཞིང་དྲི་མ་མེད་པའི་སྤྲིན་པ།  དེ་མིན་རི་སྐེད་ཀྱི་ནགས་ཚལ་ནི་མཚོན་མདོག་སྣ་ལྔས་གྲུབ་པའི་སྣུམ་ཚོན་རི་མོ་ཞིག་དང་འདྲ་བར་ལམ་འགྲོ་བ་ཚོའི་ཡིད་སེམས་དབང་མེད་འཕྲོག