ལྷ་ས་ནས་བདེ་ཆེན་དང་ཤིས་ཧྲོང་པན་ན་བར་གྱི་མཁའ་ལམ་ཤར་གཏོང་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

བོད་ལྗོངས་མཁའ་འགྲུལ་གྱི་TV9810དུས་གཏན་གནམ་གྲུ་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་དུ་བརྟན་པོའི་ངང་བབས་ཤིང་། དེས་བོད་ལྗོངས་མཁའ་འགྲུལ་གྱི་ལྷ་ས་ནས་བདེ་ཆེན་དང་ཤིས་ཧྲོང་པན་ན་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་—བདེ་ཆེན་—ཤིས་ཧྲོང་པན་ནའི་མཁའ་ལམ་ཤར་གཏོང་ཐུབ་པ་ནི་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ནང་ཁུལ་གྱི་དཔལ་འབྱོར་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་དང་། ཡུན་ནན་ནུབ་རྒྱུད་ཀྱི་ཡུལ་སྐོར་སྐོར་ལམ་ལ་སྐུལ་འདེད་གཏོང་བ། ཡུན་བོད་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཕན་ཚུན་སྦྲེལ་མཐུད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པས། འདིས་ཡུན་ནན་དང་བོད་ཀྱི“མཁའ་དབྱིངས་ཀྱི་བགྲོད་ལམ་ཆེན་པོ”ཡངས་སུ་བཏང་བ་མ་ཟད། ཡུན་ནན་ཞིང་ཆེན་ནང་སྐོར་མཁའ་ལམ་ཁྱོན་ཡོངས་ལ་ཁྱབ་ནས་བདེ་ཆེན་གནམ་གྲུ་ཐང་གིས་ད་ལོ་ཞིང་ཆེན་ནང་ཁུལ་གྱི་སྐོར་ལམ་ཤར་གཏོང་ཐུབ་པའི་དམིགས་ཚད་མངོན་འགྱུར་བྱུང་པ་རེད།

བདེ་ཆེན་གནམ་གྲུ་ཐང་གི་དགུན་དུས་མཁའ་འགྲུལ་དུས་ཚིགས་ཀྱི་དུས་གཏན་གནམ་གྲུའི་དུས་ཚོད་གཟའ་འཁོར་རེར་ཐེངས་152ཟིན་པ་དང་དུས་གཏན་གནམ་གྲུ་ཆ་སྙོམས་ཉིན་རེར་ཐེངས་20ཙམ་ཟིན་གྱི་ཡོད། འཕར་ཚད་བརྒྱ་ཆ་17ལ་སླེབས། དེའི་ནང་ཀོང་ཀྲོའུ་དང་བདེ་ཆེན་(ཉིན་རེར་གཏོང་ཐེངས་1རེ)དང་། ལྷ་ས་—བདེ་ཆེན་—ཞི་ཧྲོང་པན་ན་(གཟའ་འཁོར་རེར་གཏོང་ཐེངས་2རེ)མང་དུ་བཏང་བ་ཡོད་ལ། ཁུན་མིང་ནས་བདེ་ཆེན་དང་། ཧྲེན་ཀྲེན་ནས་བདེ་ཆེན་བར་གྱི་དུས་གཏན་གནམ་གྲུ་མང་དུ་བཏང་ཡོད། ཁྲུང་ཆིང་ནས་བདེ་ཆེན་བར་གྱི་མཁའ་ལམ་སླར་གསོ་བྱས་པ་དང་། དགུན་དུས་མཁའ་འགྲུལ་གྱི་འཆར་གཞིའི་གྲངས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།

བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་གྲུ་ཐང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་རྗེས་མར་གནམ་གྲུ་ཐང་གིས་མཁའ་འགྲུལ་ཀུང་སི་དང་ས་གནས་རིག་གནས་ཡུལ་སྐོར་ཅུས་དང་འབྲེལ་གཏུག་དམ་ཟབ་བྱས་ནས། མཁའ་ལམ་གྱི་དུས་གཏན་གནམ་གྲུའི་གཉེར་སྐྱོང་གནས་ཚུལ་ལ་རྒྱུན་མཐུད་ངང་དོ་ཁུར་བྱ་རྒྱུ་ཡིན་པ་རེད། མཉམ་འབྲེལ་མཁའ་འགྲུལ་ཀུང་སིས་མཁའ་འགྲུལ་ཡུལ་སྐོར་མཉམ་འདྲེས་ཐོན་རྫས་ཇུས་འགོད་བྱས་ནས་ཡུལ་སྐོར་ཚོང་འདུས་ཀྱི་བྱེད་སྒོ་སྤེལ་རྒྱུ། སྲིད་གཞུང་དང་རིག་གནས་ཡུལ་སྐོར་ཅུས་ལ་མཐུན་སྦྱོར་བྱས་ནས་འབྲེལ་ཡོད་སྐུལ་ལྕག་དང་བྲིན་ཚོང་སྲིད་ཇུས་བཏོན་ཏེ་མཁའ་ལམ་གྱི་དུས་གཏན་གནམ་གྲུ་རྒྱུན་མཐུད་དང་བརྟན་པོའི་ངང་གཉེར་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བདེ་ཆེན་མཁའ་འགྲུལ་རིག་གནས་ཡུལ་སྐོར་ཁྲོམ་རའི་སླར་གསོ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་།