ཡང་ཐང་གི་སྟོན་ཀའི་མཛེས་ཉམས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-27   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ



    སྟོན་ཀ་ནི་ང་ཚོས་ཆེས་རེ་སྒུག་བྱེད་སའི་དུས་ཚིགས་དེ་ཡིན་ན། ང་ཚོས་ཆེས་གཏོང་འདོད་མེད་པའི་དུས་ཚིགས་དེ་ཡང་ཡིན་པ་རེད། ཉེ་ཆར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་དུ་རྫོགས་ལྡན་གྱི་སྟོན་ཀ་བསུས་ཡོང་ལ། རེ་སྒུག་ཡུན་རིང་བྱས་པའི་སྟོན་ཀའི་མཛེས་ལྗོངས་དེ་ཡང་བསུས་ཡོང་བ་རེད།

    དྲོད་འཇམ་གྱི་སྟོན་རླུང་ལྡང་ཐེངས་ཤིག་གིས་གསེར་མདོག་གི་སྡོང་ལོ་དེ་དག་ཡང་ཐང་ཆུ་དང་། ལམ་གྱི་གཞུང་། རྩྭ་ཐང་དང་ལྗོན་པའི་གསེང་ལ་ལྷུང་བ་ན། སྐད་གཅིག་དེར་ཡུལ་ལུང་འདིས་ཡིད་དབང་འཕྲོག་པའི་གསེར་མདོག་གི་གོས་ལྭ་ཞིག་ངང་གིས་བཀླུབས་ཡོང་ལ། གདན་དུ་གཏིང་བའི་གསེར་མདོག་གི་སྤང་ལྗོང་སྟེང་ན་ཡང་སྟོན་གྱི་ཤ་ཤེད་རྒྱས་པའི་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ནས་གང་བདེར་རྒྱུ་བཞིན་འདུག འདི་ནི་ཡང་ཐང་གི་སྟོན་ཀའི་མཛེས་ཉམས་ཐེངས་ཤིག་ངོམ་སྟངས་ཡིན་ལ། འདི་ཡང་སེམས་ཀྱི་ཉི་ཟླའི་སྟོན་ཀའི་མིག་ལ་ཐོགས་ཡོང་བའི་ཚོན་མདོག་ཅིག་ཡིན།