དོགས་ཟོན་བྱོས་ཤིག ཏོག་གསར་གློ་ཚད་ཀྱི་ནད་དཔེ་བྱེ་བ་4ལས་བརྒལ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-22   རྩོམ་ཁུངས།    ཀྲུང་གོ་བོད་ལྗོངས་དྲ་བ།

     

       ཨ་རིའི་ཡུའེ་ཧན་སི་ཧུ་ཕུའུ་ཅིན་སི་སློབ་ཆེན་གྱིསཚེས19ཉིན་ཁྱབ་བསྒྲགས་བྱས་པའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་གནས་ཚུལ་གསར་པའི་བསྡོམས་རྩིས་གཞི་གྲངས་གསར་ཤོས་ལས་མངོན་པ་ལྟར་ན། གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱུང་བ་ཁྲི་ཚོ4000ལས་བརྒལ་འདུག 

        གོ་ལ་ཧྲིལ་པོར་རིམ་རྩིས་བྱས་ན་ཏོག་གསར་གློ་ཚད་ཀྱི་ནད་གཞི་གཏན་འཁེལ་བྱུང་བའི་ནད་དཔེ།ཁྲི1000ནས་ཁྲི2000བར་མང་དུ་ཕྱིན་པར་དུས་ཡུན་ཉིན43ལས་འགོར་གྱིན་མེད་ལ། ནད་དཔེ་ཁྲི2000ནས་ཁྲི3000བར་མང་དུ་ཕྱིན་པར། དུས་ཡུན་ཉིན38ལས་འགོར་གྱིན་མེད་པ་མ་ཟད། ནད་དཔེ་ཁྲི3000ནས་ཁྲི4000བར་མང་དུ་ཕྱིན་པར། དུས་ཡུན་ཉིན32མ་གཏོགས་འགོར་མེད་པ་རེད། 

       ཐེངས་རེར་ཁྲི་སྟོང་ལ་བརྒལ་བའི་དུས་ཚོད་ནི། ཐེངས་སྔོན་མ་ལས་ཀྱང་ཧ་ཅང་ཐུང་། རྒྱུན་མཐུད་ངང་མགྱོགས་མྱུར་འཕར་བའི་གྲངས་ཀ་ལས། མི་རྣམས་ལ་དངོས་ནས་སེམས་ཁྲལ་ཡོང་བ་ཞིག་རེད། 

       སྟོན་མཇུག་ཡལ་ནས་དགུན་ཁ་སླེབས་ལ་ཉེ་བས། ང་ཚོས་ནད་དུག་ལ་གོ་སྐབས་གཏན་ནས་སྤྲོད་མི་རུང་། ཕྱི་ནས་ནང་ལ་སླེབས་པ་དང་ནང་ནས་གང་སར་ཁྱབ་པར་སྔོན་འགོག་བྱེད་དགོས། 

       རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་སྐབས། སྐད་ཅིག་ཙམ་ཡང་ལྷོད་གཡེང་དུ་མི་གཏོང་བར་མཁྱེན།