ས་ཁུལ་ལྔ་ཡིས་མཉམ་འབྲེལ་ངང་ཁོར་ཡུག་སྲུང་སྐྱོང་གི་དཔེ་གསར་བཀོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། བདེ་ཆེན་ཁུལ་དང་། ཆབ་མདོ་གྲོང་ཁྱེར། དཀར་མཛེས་ཁུལ། ཡུལ་ཤུལ་ཁུལ། རྔ་པ་ཁུལ་བཅས་ཀྱིས་གཙོ་བོར་བྱས་པའི་བོད་ལྗོངས་དང་། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ཁྱིམ་མཚེས་ཞིང་ཆེན་ལྔའི་གྲོང་ཁྱེར(ཁུལ)གྱིས་ཆབ་མདོ་གྲོང་ཁྱེར་དུ་རྨ་འབྲི་རྫ་གསུམ་གྱི་གཙང་གསུམ་སྟོད་རྒྱུད་ཀྱི་བོད་ལྗོངས་དང་སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ཁྱིམ་མཚེས་ཞིང་ཆེན་ལྔའི་གྲོང་ཁྱེར(ཁུལ)སྣོད་བཅུད་ཁོར་ཡུག་ཁོངས་གཏོགས་ཀྱི་འབབ་རྒྱུད་བརྒལ་བའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མཉམ་འབྲེལ་ཚོགས་འདུ་འཚོགས་ནས་སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཏན་ཏིག་བྱས་པ་རེད། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་ནས་རྨ་འབྲི་རྗ་གསུམ་གྱི་གཙང་གསུམ་སྟོད་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཏན་ཏིག་ངང་བརྟན་དུ་གཏོང་དགོས།

        ཐེངས་འདིའི་མཉམ་འབྲེལ་ཚོགས་འདུས“མཉམ་སྤྱོད། ལྗང་མདོག འཕེལ་རྒྱས”བཅས་བརྗོད་བྱ་གཙོ་བོར་བྱས་ཡོད།ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་གཏིང་ཟབ་བྱས་ནས།སྤུན་ཟླའི་གྲོང་ཁྱེར་(ཁུལ་)གྱི་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་།མཉམ་དུ་འཚོལ་ཞིབ་བཅས་བྱས་ནས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དོན་གཉེར་བྱ་དགོས།བློ་བསྡུས་དགེ་འཚོལ་དང་།ཕན་ཚུན་རོགས་རམ།ཆ་འཕྲིན་སྤེལ་རེས་དང་།གཞི་གྲངས་མཉམ་སྤྱོད།མཉམ་འགོག་མཉམ་བཅོས།མཉམ་འབྲེལ་ཁྲིམས་བསྟར།འཕྲལ་བསྟུན་མཉམ་འགུལ་བཅས་ཀྱི་མ་ལག་བཙུགས་ནས་གཙང་གསུམ་སྟོད་རྒྱུད་ཀྱི“ལམ་སྲོལ་མཉམ་གྲོས་དང་།ཁོར་ཡུག་མཉམ་གཉེར།སྦགས་བཙོག་མཉམ་འགོག སྣོད་བཅུད་མཉམ་གཏོད”བཅས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་རྣམ་པ་ཆེན་པོ་ཞིག་ཆགས་པ་བྱེད་དགོས། བོད་ལྗོངས་དང་།སི་ཁྲོན།ཡུན་ནན།མཚོ་སྔོན་བཅས་ཁྱིམ་མཚེས་ཞིང་ཆེན་གྱི་གྲོང་ཁྱེར(ཁུལ)གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་རྣམ་པ་གསར་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།

        གཅིག་ནས་གྲོང་ཁྱེར(ཁུལ)ལྔའི་སྣོད་བཅུད་ཁོར་ཡུག་ཅུས་ཀྱིས་འབྲི་ཆུ་དང་། རྫ་ཆུའི་སྟོད་རྒྱུད་དང་སྨད་རྒྱུད་ཀྱི་འབབ་རྒྱུད་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། སྣོད་བཅུད་གཞན་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། ས་ཁོངས་ལས་བརྒལ་བའི་མཉམ་འབྲེལ་ཁོར་ཡུག་ལྟ་སྐུལ་དོ་དམ། ཁོར་ཡུག་གི་ཐོལ་བྱུང་དོན་རྐྱེན་འཕྲལ་སྡོམ་ཐག་གཅོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ཐད་ཉམས་མྱོང་སྤེལ་རེས་བྱས་པ་རེད།

        གཉིས་ནས་གླེང་སྟེགས་ཀྱི་རྣམ་པའི་ཐོག་ནས་རྨ་འབྲི་རྫ་གསུམ་གྱི་གཙང་གསུམ་སྟོད་རྒྱུད་ཀྱི་རྒྱུག་ཁུལ་བརྒལ་བའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཞིབ་འཇུག་བྱས་པ།

        གསུམ་ནས་གྲོང་ཁྱེར(ཁུལ)ལྔས《རྫ་ཆུ་དང་། འབྲི་ཆུ། རྒྱལ་མོ་རྔུལ་ཆུ་བཅས“གཙང་གསུམ”སྟོད་རྒྱུད་ཀྱི་བོད་ལྗོངས། སི་ཁྲོན། ཡུན་ནན། མཚོ་སྔོན་བཅས་ཁྱིམ་མཚེས་ཞིང་ཆེན་ལྔའི(ཁུལ)སྣོད་བཅུད་ཁོར་ཡུག་ཁོངས་གཏོགས་ཀྱི་འབབ་རྒྱུད་བརྒལ་བའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གྲོས་མཐུན》ལ་གྲོས་འཆམ་བྱས་པ་དང་འབྲེལ་མིང་རྟགས་ཀྱང་བཀོད་པ། ཚོགས་ཐོག་ནས་སྐབས་རྗེས་མའི་སྒྲུབ་གཉེར་ཕྱོགས་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཡིན་པ་གཏན་འཁེལ་བྱས། 

    ཚོགས་འདུའི་ཐོག་བདེ་ཆེན་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཉིན་བཞིན་ཟབ་ཏུ་གཏོང་བ་དང་།ཁོར་ཡུག་སྲུང་སྐྱོང་ལ་མ་དངུལ་གཏོང་ཤུགས་བརྟན་པོའི་ངང་ཆེ་རུ་གཏོང་བ།སྣོད་བཅུད་སྲུང་སྐྱོང་དང་སྣོད་བཅུད་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་བ།ཁོར་ཡུག་སྦགས་བཙོག་བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་པ།ཁོར་ཡུག་ཁྲིམས་ལྟར་དོ་དམ་བྱེད་པའི་གྲུབ་འབྲས་མངོན་གསལ་དོད་པ་བཅས་ཕྱོགས་5ཐད་ནས་བདེ་ཆེན་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་དུས་མཚུངས་མཚོ་སྔོན་དང་།བོད་ལྗོངས།སི་ཁྲོན།ཡུན་ནན་བཅས་འབྲེལ་མཚམས་ས་ཁུལ་གྱི་ཁོར་ཡུག་སྦགས་བཙོག་དང་སྣོད་བཅུད་གཏོར་བཤིག་གི་རྩོད་གཞི་མཐུན་སྦྱོར་མཉམ་འགུལ་གྱི་ལས་ཀའི་ལམ་སྲོལ་འཛུགས་པ།ཀྲུང་དབྱང་གིས་འབྲེལ་མཚམས་ཁུལ་གྱི་སྣོད་བཅུད་གཞན་སྒྱུར་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ལས་ཀའི་གྲོས་འགོ་བཏོན་པ་རེད།