སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཞིམ་ཟས་ཆེན་པོ་བཅུ་བདམས་ཐོན་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     བདེ་ཆེན་ཁུལ་དུ་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་ཅིང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱིས་སྣ་མང་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་མངོན་གསལ་དོད་པའི་ཞིམ་ཟས་སྣ་ཚོགས་ཤིག་གྲུབ་ཡོད།  བེ་ཤའི་གསོལ་སྟོན་དང་། གཡག་ཤ  ཇ་སྲུབ་མ་སོགས་རྒྱུས་མངའ་ཡོད་པའི་ཟས་རིགས་ལས་གཞན་ད་དུང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟས་ཞིམ་མང་པོ་ཞིག་ཀྱང་ཡུལ་ལུང་སོ་སོའི་འཚོ་བའི་གྲུབ་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད།  

    ཟླ་10པའི་ཚེས་10ཉིན་ཡུན་ནན་ཞིང་ཆེན་བཟའ་བཏུང་ཞིམ་ཟས་མཐུན་ཚོགས་དང་། བདེ་ཆེན་ཁུལ་ཚོང་དོན་ཅུས།བདེ་ཆེན་ཁུལ་བཟའ་བཏུང་བདེ་འཇགས་ལས་རིགས་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཉེར་བའི་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཞིམ་ཟས་བཅུའི་དཔྱད་ཞིབ་བྱེད་སྒོ་སྐབས་དང་པོ་དེ་རྡོ་མཁར་རྫོང་མེ་ཏོག་ཁྲོམ་ར་ནས་སྤེལ་བ་རེད།

      ཉིན་དེར་བདེ་ཆེན་ཁུལ་གྱི་གསོལ་མགྲོན་ཁང་གི་བཟའ་བཏུང་ལས་རིགས་ནས་ཐོན་པའི་ཚོ་ཆུང་10ཡིས་མཉམ་དུ་ཟས་རིགས་གཡོ་སྦྱོར་གྱི་འགྲན་བྱས་པ་རེད། ཆུ་ཚོད་གཅིག་རིང་གི་གཡོ་སྦྱོར་བྱས་པ་བརྒྱུད་ཁ་དོག་མཛེས་ཤིང་བྲོ་བ་ཞིམ་པའི་ཚལ་སྣ་རེ་རེ་དཔྱད་འདེམས་པ་ཚོའི་མདུན་གྲས་སུ་བསྐྱལ་ནས་ཡོང་།  

 དཔྱད་འདེམས་པ་ཚོས་ཚལ་སྣ་རེ་རེའི་བྲོ་བ་ཉམས་སུ་མྱོང་བ།  

     ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་ཁེ་ལས་20ཡི་ཁྱད་ལྡན་ཞིམ་ཟས་49དྲ་ཐོག་ནས་འདེམས་ཤོག་འཕེན་པའི་ལྷུ་ཚིགས་ནང་ཞུགས་ཡོད་པ་རེད།ཟླ་ཕྱེད་ཙམ་གྱི་འདེམས་ཤོག་འཕངས་པ་བརྒྱུད་མཐར་ཁེ་ལས་13གྱི་ཞིམ་ཟས་20ཡི་མཇུག་མཐའི་འགྲན་བསྡུར་ནང་ཚུད་པ་རེད། ཞིང་ཆེན་ཕྱི་ནང་ནས་ཡོང་བའི་རིགས་གཅིག་མཁས་ཅན་གྱིས་ཚལ་རིགས་་རེ་རེ་བཞིན་དཔྱད་བསྡུར་བྱས་པ་དང་།མདོག་དང་། དྲི་ཞིམ། བྲོ་བ། གཟུགས་དབྱིབས། སྤུས་ཚད། བསམ་ཚུལ། འཚོ་བཅུད། བདེ་འཇགས། ཁ་དན་ཚིག་གནས་སོགས་ཀྱི་ཐད་ཕྱོགས་བསྡུས་དཔྱད་འདེམས་དང་ས་གནས་ས་ཐོག་ཏུ་སྐར་མ་བརྒྱབ་པ་རེད།  མཇུག་མཐའ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡུན་ཧྲི་ཨར་ཁང་དོ་དམ་ཚད་ཡོད་ཀུང་སིའི་དཀར་ཆུའི་བེ་ཤ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བསམ་གྲུབ་ཡན་མགྲོན་ཁང་འགན་འཁྲི་ཚད་ཡོད་ཀུང་སིའི་དམར་སྲེག་བོད་ཕག་གི་མགོ་བོ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྨིན་དྲུག་ལྷ་མོ་བཟའ་བཏུང་དོ་དམ་ཚད་ཡོད་ཀུང་སིའི་མེ་ཏོག་རྡོ་ཁོག་བྱ་ཤ སེམས་ཀྱི་ཉི་ཟླ་ལོ་པུས་ཟས་རིགས་བཟའ་བཏུང་ཁང་གི་དྲི་ཞིམ་ཚགས་ཤ   འཇོལ་རྫོང་ཆིང་ཏེ་བཟའ་བཏུང་ཚད་ཡོད་ཀུང་སིའི་སྒོང་ཐུམ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཞང་ཞུང་ཨ་མའི་གསོལ་ཁང་གི་རྩམ་པ། སེམས་ཀྱི་ཉི་ཟླ་བོད་འབྲུག་བཟའ་འཐུང་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིའི་ལི་མའེ་ཐུག་པ།ཅིན་ཏེན་གསོལ་ཚིགས་གླིང་གི་ཟོག་ཤ   སེམས་ཀྱི་ཉི་ཟླ་བོད་ཁྱིམ་བཟའ་འཐུང་གྲོང་གི་འཇོལ་བའི་བག་ལེབ།   འཇོལ་རྫོང་སྐལ་སྒྲོན་ཨ་མ་ལགས་བཟའ་བཏུང་ཞབས་ཞུ་ཚད་ཡོད་ཀུང་སིའི་བོད་ཀྱི་ལུག་ཤ་སོགས་ལ་ཆེད་མཁས་པའི་གདེང་འཇོག་ཚད་མཐོན་པོ་གནང་ཞིང་སེམས་ཀྱི་ཉི་ཟླའི་ཁྱད་ལྡན་ཞིམ་ཟས་བཅུ་ལ་བདམས་ཐོན་བྱུང་བ་རེད།  










 མིང་བཏགས་ཐོབ་པའི་སེམས་ཀྱི་ཉི་ཟླའི་ཞིམ་ཟས་བཅུ།